ལི་ཐང་རྫོང་གིས་རྣམ་པ་གསར་པའི་ཕྱུགས་ལས་ཐོན་སྐྱེད་སྤེལ་ཏེ་དབུལ་སྒྲོལ་ལ་རོགས་འདེགས་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-23


        ལི་ཐང་རྫོང་ནི་དཀར་མཛེས་ཁུལ་གྱི་ལྷོ་ནུབ་ཀྱི་མཚམས་སུ་ཡོད་ལ། ཞིང་ཆེན་ཡོངས་ཀྱི་དཔེ་མཚོན་གྱི་མཐོ་གྲང་རྩྭ་ཐང་གི་ཕྱུགས་ལས་ཁུལ་ཡིན། རྫོང་ཡོངས་ཀྱི་ཆ་སྙོམས་ཀྱི་མཚོ་འཕགས་སྨི་ལ་5300ཡོད་ལ། སྤྱི་ལོ་2014ལོར་བར་ཞིབ་ཚགས་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད་རྫོང་ཡོངས་ལ་ཁྱོན་བསྡོམས་དབུལ་ཕོངས་སྡེ་པ་132དང་དབུལ་ཕོངས་དུད་ཁྱིམ་4918 དབུལ་ཕོངས་མི་གྲངས་21737ཡོད་པ་རེད། དེ་དག་གིས་རྫོང་ཡོངས་ཀྱི་ཡུལ་ཤོག་དང་སྡེ་པའི་སྤྱི་གྲངས་དང་དུད་ཁྱིམ་གྱི་སྤྱི་གྲངས། མི་གྲངས་ཀྱི་སྤྱི་གྲངས་བཅས་རེ་རེ་བཞིན་62%དང་41% 31%ཟིན་པ་རེད། དབུལ་ཕོངས་ཀྱི་ཁྱབ་ཁོངས་ཆེ་བ་དང་ཚད་རིམ་ཟབ་པ་ནི་ལི་ཐང་རྫོང་གི་དབུལ་སེལ་འགག་སྒྲོལ་གྱི་མངོན་གསལ་གྱི་ཁྱད་ཆོས་སུ་གྱུར་ཡོད་པ་དང་། ལི་ཐང་རྫོང་གིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལོ་རྒྱུས་ཀྱི་འོས་འགན་ལ་ཁ་གཏད་ཅིང་། ས་གནས་རང་གི་ཐོན་ཁུངས་ལ་གཞི་ཚུགས་ཤིང་མང་ཚོགས་ལ་ཆེས་རྒྱུས་མངའ་ལྡན་པའི་སྲོལ་རྒྱུན་ཀྱི་ནོར་གནག་གསོ་སྤེལ་ནས་འགོ་བརྩམས་ཏེ་ཕྱུགས་ལས་ཐོན་ལས་ཀྱི་གསར་སྤེལ་འཕེལ་རྒྱས་ལ་བརྟེན་ནས་ཐོན་ལས་དབུལ་སྐྱོར་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་འབད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1