དཀར་མཛེས་ཁུལ་གྱི་ཁྲོམ་རའི་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཡིན་པ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 03-23


        ཉེ་སྔར།  གསར་འགོད་པས་དཀར་མཛེས་ཁུལ་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས་ནས་རྒྱུས་ལོན་བྱུང་པའི་གནས་ཚུལ་ལྟར་ན།  《དཀར་མཛེས་ཁུལ་བཟོ་ཚོང་ཅུས་ཀྱིས་2016ལོའི་ཁྲོམ་རར་དབྱེ་ཞིབ་བྱས་པའི་སྙན་ཞུ།》ལས་བསྟན་དོན།  2016ལོའི་ཁུལ་ཡོངས་ཀྱི་ཁྲོམ་ར་སྣ་ཚོགས་ཀྱི་ཚོང་ཁང་42115ཡོད་པ་དང་དུས་མཚུངས་ཀྱི་འཕར་ཚད་31.2%ཡིན་ལ། འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཡིན་པ་རེད།        
        དཀར་མཛེས་ཁུལ་གྱི་ཁྲོམ་རའི་ཚོང་ཁང་གི་གྲངས་ཀ་གྲོང་ཁྱེར་གཞན་དང་བར་ཐག་ཆེན་པོ་མེད་ཀྱང་།  ཡིན་ནའང་ཞིང་ཆེན་ཡོངས་ཀྱི་ཆེས་མཐའ་མར་གནས་ཡོད་པ་རེད།   ཐོན་ལས་ཀྱི་གྲུབ་ཆ་རྐྱང་པ་དང་སྒེར་གཉེར་ཁེ་ལས་འཕེལ་རྒྱས་གཏོང་པའི་ཤུགས་སྣོན་མི་འདང་བ་སོགས་གནད་དོན་མང་པོ་ལྡན།
        དབྱེ་ཞིབ་ཀྱི་སྙན་ཞུ་ནང་དཀར་མཛེས་ཁུལ་གྱི་ཁྲོམ་རའི་ཚོང་གཉེར་གྱི་འཕེལ་རྒྱས་ཀྱི་ཁྱད་ཆོས་གཞིར་བཟུང་ནས་ཡུལ་སྐོར་ཐོན་ལས་གཞི་ཁྱོན་ཅན་དང་སྤུས་ཀ་ཇེ་ལེགས་སུ་བཏང་ནས་མིག་སྔར་སྟོབས་ལྡན་མིན་པའི་ཐོན་ལས་གཉིས་པའི་འཕེལ་རྒྱས་ལ་རོགས་འདེད་བྱ་དགོས་པའི་བླང་བྱ་བཏོན། ཞིང་པའི་ཆེད་ལས་མཉམ་ལས་ཁང་བདེ་འཇགས་ངང་འཕེལ་རྒྱས་བྱུང་པ་དང་ཁེ་ལས་ཆུང་འབྲིང་རྣམས་གཅིག་འགྱུར་སྒོས་འཆར་འགོད་བྱེད་པ།  ལྷག་པར་དུ་སྤུས་ལེགས་ཀྱི་འཐབ་ཇུས་ཀྱི་འདུ་ཤེས་མཐོར་འདེགས་སུ་གཏོང་བའི་ཐད་ལ་དབྱེ་ཞིབ་བྱས་ཡོད།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1