༄༅།། ཆུ་ཚན་རྒྱག་སྐབས་དོ་སྣང་བྱེད་དགོས་པ་འགའ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-23


        ད་ཆ་དཔྱིད་ཀ་སླེབས་པས། རང་ལྗོངས་སུ་མི་མང་པོ་ཞིག་ཆུ་ཚན་རྒྱག་པར་སོང་ནས་ལུས་གསོ་ནད་བཅོས་བྱེད་ཀྱི་ཡོད། ཡིན་ནའང་ཆུ་ཚན་རྒྱག་སྐབས་ཡིད་གཟབ་མ་བྱས་ན་ཐོག་མའི་བསམ་འདུན་ལས་ལྡོག་པའི་གནས་ཚུལ་ཐོན་སྲིད། དེས་ན་གཤམ་གྱི་དོན་ཚན་ཁག་ལ་དོ་སྣང་བྱེད་དགོས། 
1. ཆུ་ཚན་རྒྱག་སྐབས་རང་སོ་སོའི་གཟུགས་པོའི་གནས་ཚུལ་དང་ནད་གཞི་ཚབས་ཆེ་ཆུང་ལ་གཞིགས་ཏེ་ཉིན་གྲངས་5ནས་21བར་རྒྱག་དགོས། 
2.ཆུ་ཚན་ནང་ཞུགས་ནས་ཉིན་གཉིས་ཡན་སོང་རུང་ད་དུང་མགོ་ན་བ་དང་མགོ་ཡུར་འཁོར་བ། སྙིང་འཕར་ཚད་མགྱོགས་པ། སེམས་ལ་དངངས་སྐྲག་ལངས་པ། དེ་མིན་ལུས་པོ་ལྕི་པོ་སོགས་ཀྱི་སྣང་ཚུལ་ཐོན་ཚེ་ཆུ་ཚན་རྒྱག་མཚམས་འཇོག་དགོས། 
3.ཆུ་ཚན་རྒྱག་སྐབས་ངེས་པར་དུ་རོགས་པ་ཞིག་འཁྲིད་དགོས། གལ་སྲིད་ཆུ་ཚན་རྒྱག་པའི་སྐབས་གློ་བུར་དུ་ལུས་པོ་མི་བདེ་བའམ་ཡང་ན་ནད་གཞི་ཇེ་སྡུག་ཏུ་སོང་ཚེ་རོགས་པས་ཕན་ཐོགས་སྲིད། 
(བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1