སི་ཁྲོན་བོད་ཁུལ་གྱི་ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་443.4ལ་སླེབས་པ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 03-24


        ཉེ་སྔར། གསར་འགོད་པས་སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་པར་ལྟར་ན། སི་ཁྲོན་གྱིས་བོད་ཁུལ་གཙོ་གནད་སུ་བཟུང་སྟེ་མི་རིགས་ས་ཁུལ་དང་དབུལ་ཕོངས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་པ་དང་། 2016ལོར་སི་ཁྲོན་བོད་ཁུལ་གྱི་ཡུལ་སྐོར་སྤྱིའི་ཡོང་འབབ་དུང་ཕྱུར་443.4ཟིན་ཡོད་ལ། དེ་ནི་2010ལོའི་ལྡབ་4.6ཡིན་པ་རེད། ལོ་རེར་ཆ་སྙོམས་ཀྱིས་28.8%འཕར་ཡོད།
        སི་ཁྲོན་ཞིང་ཆེན་གྱི་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྥུ་ཡུང་ལིན་གྱིས། སི་ཁྲོན་གྱིས་ཡུལ་སྐོར་ལས་རིགས་ཀྱི་དབུལ་སེལ་འགག་སྒྲོལ་གྱི་གསར་སྤེལ་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་གསེབ་ཀྱི་སྤུས་ལེགས་ཡུལ་སྐོར་སྤེལ་བ་དང་བོད་ཁུལ་གཙོ་གནད་སུ་བཟུང་ནས། མིག་སྔར་དོམ་ཁྲ་དང་གཟི་རྩ་སྡེ་དགུ། རྩྭ་ཐང་དང་ཤམ་བྷ་ལ་བཅས་རྒྱལ་སྤྱིའི་ཡུལ་སྐོར་ཁུལ་བསྐྲུན་པ་དང་། གྲགས་ཆེ་བའི་ཡུལ་སྐོར་ལམ་ཐིག་10བསྐྲུན། དེ་མིན་ཁྲོན་བོད་ཡུལ་སྐོར་དཔལ་འབྱོར་ཁུལ་དང་ཁྲོན་ཡོན་བོད་ཁུལ་ཡུལ་སྐོར་མཉམ་ལས་ཚོད་ལྟ་ཁུལ་བཅས་འཛུགས་སྐྲུན་བྱེད་བཞིན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། སི་ཁྲོན་ཞིང་ཆེན་གྱི་ཡུལ་སྐོར་ལས་རིགས་སྤེལ་མཁན་གྱི་ཞིང་པའི་མི་རེའི་ཆ་སྙོམས་ཡོང་འབབ་ནི15322.9ཟིན་ཡོད་ལ། ཞིང་ཆེན་ཡོངས་ཀྱི་ཞིང་པའི་མི་རེའི་ཆ་སྙོམས་ཡོང་འབབ་ལས་4777.6མཐོ་པ་རེད་ཅེས་ངོ་སྤྲོད་བྱས།
        ངོ་སྤྲོད་བྱས་པར་ལྟར་ན། སི་ཁྲོན་གྱིས་རྒྱལ་ཡོངས་ཀྱི་ཡུལ་སྐོར་ཚད་ལྡན་ཅན་གྱི་དཔེ་སྟོན་ཞིང་ཆེན་གྱི་གོ་སྐབས་བཟང་པོ་འདི་བཟུང་སྟེ། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཡུལ་སྐོར་གྱི་འཛད་སྤྱོད་ཁོར་ཡུག་ཇེ་ལེགས་སུ་བཏང་པར་ཤུགས་སྣོན་བྱས། ཉེ་བའི་ལོ་གཉིས་ནང་། སི་ཁྲོན་ཀྱི་བློ་འདྲི་ལྟེ་གནས་280དང་ཡུལ་སྐོར་གསང་སྤྱོད་4000 དེ་མིན་རླངས་འཁོར་འཇོག་ས་10000་བཅས་གསར་འཛུགས་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1