སྐབས་96པའི་རྒྱལ་ཡོངས་ཀྱི་ཆང་མངར་འགྲེམ་སྟོན་བྱེད་སྒོས་འགྲུལ་བ་མི་ཁྲི་22ལྷག་ལ་སྣེ་ལེན་བྱས།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-27
ཟླ3པའི་ཚེས25ཉིན། སྐབས་དགུ་བཅུ་གོ་དྲུག་པའི་རྒྱལ་ཡོངས་ཀྱི་ཆང་མངར་ཚོང་ཟོག་བརྗེ་རེས་གྲོས་ཚོགས་དེ་ཁྲེན་ཏུའུ་ནས་མཇུག་སྒྲིལ། དུས་ཡུན་ཉིན་གསུམ་རིང་གི་བྱེད་སྒོས་འགྲེམ་སྟོན་བྱེད་མཁན་གྱི་ཚོང་བ་དང་ལྟད་མོ་བ་མི་ཁྲི་22ལྷག་ལ་སྣེ་ལེན་བྱས། ཐེངས་འདུའི་བྱེད་སྒོའི་ཁྲོད་བཞུགས་པའི་ཕྱི་རྒྱལ་གྱི་འགྲེམ་སྟོན་ཚོགས་པ་ཡིས་རྒྱལ་ཁབ་དང་ས་ཁུལ་གྱི་འགྲེམ་སྟོན་ཚོགས་པའི་རྣམ་པའི་སྒོ་ནས་འགྲེམ་སྟོན་ཁྲོད་དུ་བཞུགས་པར་མ་ཟད། འགྲེམ་སྟོན་ཁེ་ལས་488འདུས་པ་རེད།
དེ་མིན་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། དུས་ཡུན་ཉིན་གསུམ་གྱི་རིང་ལ་རིམ་བསགས་བྱས་ན་འགྲུལ་བ་མི་ཐེངས་ཁྲི་22ལས་བརྒལ་བར་སྣེ་ལེན་བྱས་པ་རེད། དེ་ལས་འགོ་བརྩམས་པའི་ཉིན་དེར་འགྲེམ་སྟོན་ཁྲོད་ཞུགས་པའི་མི་ཆེས་མང་སྟེ། ཕལ་ཆེར་མི་ཁྲི་10.8ཟིན། འགྲེམ་སྟོན་ཚོང་བ་དང་ཆེད་ལས་ཀྱི་ཉོ་སྒྲུབ་མཁན་ལས་འཐེན་ཞིབ་བྱས་པ་ལས་མངོན་པ་ལྟར་ན། འགྲེམ་ཚོགས་ཁྲོད་ཞུགས་པའི་ཚོང་བས་ཐེངས་འདིའི་འགྲེམ་ཚོགས་ལ་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད་པ་རེད།།