སྤྱི་ཟླ་3པའི་ཚེས་26ཉིན། ཨེར་ལན་གྱི་དུབ་ལིན་གྲོང་ཁྱེར་གྱི་མི་དམངས་རྣམས་སྤྱི་གླིང་དུ་ཕྱིན་ཏེ་བག་ཕེབས་ངང་ངལ་གསོ་བཞིན་སྤྱི་གླིང་དེ་གའི་སྲོག་ཆགས་རྣམས་དང་ཉེ་བར་བཅར་ནས་པར་ལེན་བཞིན་འདུག ཨེར་ལན་གྱི་རི་སྐྱེས་ཤ་བ་མཐུན་ཚོགས་ཀྱིས་ཡུལ་སྐོར་བ་རྣམས་ཤ་བ་དང་ཉེ་བར་བཅར་ན་ཉེན་ཁ་ཆེ་བའི་ཉེན་བརྡ་བཏང་ཡོད་ནའང་། མི་མང་པོ་ཞིག་ལྷུན་ཆགས་པའི་རང་བྱུང་གི་མཛེས་པ་དང་ཡིད་དུ་འོང་བའི་རི་སྐྱེས་སྲོག་ཆགས་ཤ་བས་དང་བ་དྲངས་ཏེ་ཤ་བ་དང་མཉམ་དུ་པར་བླངས་བཞིན་ཡོད་པ་རེད།།