༄༅།། གཉིད་ལམ་དུ་ཁམས་དཀར་ཤོར་དོན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།དྲ་བ་ལས་བཏུས། སྤེལ་དུས། 03-28


        རྨི་ལམ་དུ་ཁམས་དཀར་དོན་པ་ནི་ལུས་འབྲེལ་མེད་པའི་སྐབས་ཁམས་དཀར་ཤོར་བ་ཞིག་ཡིན།  འདི་ནི་གཞོན་ནུ་ལོ་ཆུང་དག་ལ་རྒྱུན་ལྡན་གྱི་ལུས་ཁམས་གནས་ཚུལ་ཞིག་ཡིན། འདི་ནི་80%གཉེན་སྒྲིག་བྱས་མེད་པའི་གཞོན་ནུ་ལ་ཡོང་བའི་གནས་ཚུལ་ཞིག་ཡིན། གཉིད་ལམ་དུ་ཁམས་དཀར་ཤོར་ཚད་ལ་དབྱེ་བ་ཆེ། རྒྱུན་ལྡན་གྱི་གཉེན་སྒྲིག་བྱས་མེད་པའི་གཞོན་ནུར་ཟླ་རེར་ཐེངས་2ནས་8ཙམ་ཡོང་། འདི་ནི་རྒྱུན་ལྡན་ཞིག་ཡིན།  སྒྲིག་སྲོལ་ཡོད་པའི་ལུས་འབྲེལ་ནང་རྟག་ཏུ་རྨི་ལམ་ནང་ཁམས་དཀར་ཤོར་པའི་ཚད་མཐོ་རུ་འགྲོ་སྲིད། གཟའ་འཁོར་གཅིག་ནང་ཐེངས་གཅིག་གམ་དགོང་མོ་རེར་ཐེངས་གཅིག་ཙམ་ཡོང་། ལུས་འབྲེལ་ལ་བཟུང་པའི་ལྟ་བས་རྨི་ལམ་དུ་ཁམས་དཀར་ཤོར་པ་སོགས་ཀྱི་གནད་དོན་ཡོང་། རྒྱུ་མཚན་ནི། གཅིག་ནས་ལུས་འབྲེལ་ལ་ཡང་དག་པའི་ལྟ་བ་མེད་པ་དང་ལུས་འབྲེལ་ལ་དོ་སྣང་མང་བའི་རྐྱེན་ཡིན་ལ་རྟག་ཏུ་འདོད་བརྙན་བལྟས་ནས་ལག་པས་འདོད་གཡེམ་གྱི་ཁམས་དཀར་བཏོན་པ་ཡིན། གཉིས་ནས་མཚན་མར་ངར་བསྐུལ་བྱས་པས་ཡིན།
དེང་གི་གསོ་རིག་ལས་གཉིད་ལམ་དུ་ཁམས་དཀར་ཤོར་པར་གཙོ་བོ་ལུས་འབྲེལ་ལ་དོ་སྣང་མང་བའི་རྐྱེན་དང་ལག་པས་འདོད་གཡེམ་གྱི་ཁམས་དཀར་བཏོན་པ་བཅས་ཡིན།
ཀ འདོད་བརྙན་གྱི་གཞོན་ནུར་ངར་སློང་བ་ཡིན།
ཁ། དུས་རྒྱུན་ལག་པས་འདོད་གཡེམ་གྱི་ཁམས་དཀར་བཏོན་པ། 90%ཕོ་དང་60%མོ་ནི་ལང་ཚོ་དར་སྐབས་ལག་པས་འདོད་གཡེམ་གྱི་ཁམས་དཀར་བཏོན་པའི་གནད་དོན་ཡོད། གནད་དོན་ཡོང་མང་ཤོས་ནི་སློབ་འབྲིང་དང་མཐོ་འབྲིང་སྐབས་ལོ་ན་15ནས་22བར་ཡིན། རྒྱུན་དུ་ལོ་ན་22རྗེས་ལག་པས་འདོད་གཡེམ་གྱི་ཁམས་དཀར་བཏོན་ཚད་ཉུང་། འོན་ཀྱང་མི་འགའ་རེ་གཉེན་སྒྲིག་བྱས་ཀྱང་འདོད་གཡེམ་གྱི་ཁམས་དཀར་བཏོན། འདི་ཡིས། དབང་རྩ་ཉམས་པ་དང་གཉིད་ལམ་དུ་ཁམས་དཀར་དོན་པ་ཕྲུ་གུ་མི་ཡོང་བ་སོགས་ཀྱི་ནད་རྟགས་ཡོང་།
ག ལུས་འབྲེལ་ལ་དོ་སྣང་མང་བའི་རྐྱེན།
བཅོས་ཐབས།
༡.ཕོ་མོ་ལུས་འབྲེལ་གྱི་ཤེས་བྱར་སློབ་སྦྱོང་བྱེད་དགོས། ཡང་དག་པའི་ལུས་འབྲེལ་གྱི་འཚོ་བ་བསྐྲུན་དགོས།
༢. ངར་ཤུགས་དྲག་པོར་གཡོལ་དགོས། ལུས་པོར་སྦྱོང་བརྡར་བྱེད་དགོས། བསམ་བློ་གཙོ་བོ་ལས་ཀ་དང་སློབ་སྦྱོང་ལ་འཇོག་དགོས།
༣.གཉིད་དུས་ཞོགས་ངོས་སུ་ཉལ་དགོས། 
༤.གོས་དམ་པོའི་རིགས་གྱོན་མི་རུང་། 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1