ཟླ3ཚེས25ཉིན་སྐབས་བཅོ་ལྔ་པའི་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་རིག་གནས་དུས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་མེ་ཏོག་གི་རྒྱ་མཚོ་ལྟ་བུའི་ཉིང་ཁྲིའི་འོས་སྦྱོར་ཚོགས་འདུ་ཉིང་ཁྲིར་འཚོགས་པ་རེད།
ཆར་པའི་འོག་ཏུ་དལ་བུར་བགྲོད་ནས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་གི་མཛེས་ལྗོངས་ཉམས་སུ་མྱོང་ཞིང་། སྨུག་པའི་གསེབ་ཀྱི་ཉིང་ཁྲི་ནི་ལྟ་བས་མི་ངོམ་པ་སྟེ། རྒྱང་རིང་གི་རི་རྩེ་ཁ་བས་གཡོགས་ཤིང་། སྨུག་སྤྲིན་རབ་ཏུ་འཁྲིགས། རི་ཁུལ་གྱི་ཆུ་ཕྲན་ལྷུང་ལྷུང་དུ་འབབ་པ་དང་། ཉེ་འཁོར་གྱི་ལྗོན་ཤིང་གི་ཡལ་འདབས་དག་དལ་བུར་གཡོ་བཞིན་འདུག་ལ། དེ་བས་ཀྱང་ཉམས་སུ་དགའ་བ་ནི་རབ་ཏུ་བཞད་པའི་ཁམ་བུའི་མེ་ཏོག་གི་མཚར་སྡུག་དེ་རེད།