མཛོད་དགེ་རྫོང་གིས་སློབ་ཁྲིད་འཚོགས་ཏེ་ཁྱིམ་ཚང་སློབ་གསོའི་གཙོ་བོར་བཟུང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-30


        ཉེ་ཆར། མཛོད་དགེ་རྫོང་བུད་མེད་ལྷན་ཚོགས་ཀྱིས་རྫོང་རིམ་པའི་ལས་ཁུངས་ཀྱི་བུད་མེད་དག་རྩ་འཛུགས་བྱས་ཏེ་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་བཟང་པོས་དཔལ་ཡོན་འཕེལ་པའི་སྲོལ་བཟང་ལ་སྐུལ་འདེད་བྱེད་པའི་མ་ཡུམ་གྱི་སློབ་ཁྲིད་བརྗོད་གཞི་གཙོ་བོར་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།  
        བྱེད་སྒོའི་ཁྲོད། ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་བཟང་པོ་ནི་སྤྱི་ཚོགས་དང་རྒྱལ་ཁབ་ཞིག་ལ་མཚོན་ནས་བཤད་ན་གལ་ཆེ་བའི་རང་བཞིན་ལྡན་པའི་སྐོར་དྲིལ་བསྒྲགས་བྱས་པར་མ་ཟད། གསོན་ཉམས་ལྡན་པ་དང་ལུང་དཔེ་སོགས་ཀྱི་སྒོ་ནས་ཁྱིམ་བདག་གིས་བྱིས་པ་གསོ་སྐྱོང་ཡག་པོ་བྱེད་ཚུལ་སོགས་དྲིལ་བསྒྲགས་བྱས་ཡོད། བྱེད་སྒོ་ལ་ཞུགས་པའི་ཁྱིམ་བདག་ཚོར་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་བཟང་པོའི་གལ་ཆེའི་གནས་བབ་དང་རང་གི་བུ་ཕྲུག་ལ་བདག་སྐྱོང་དང་སློབ་གསོ་ཡག་པོ་བྱེད་དགོས་པའི་ཐད་ལ་གོ་བསྐོན་བློ་འགུག་གི་སློབ་གསོ་ཐོབ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1