ཨོ་སི་ཐྲ་ལི་ཡ་རུ་ཆེས་ཆེ་བའི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-30


  

        ཉེ་ལམ་བསྒྲགས་པའི་གནས་ཚུལ་ལྟར་ན།  ཨོ་སི་ཐྲ་ལི་ཡའི་ཁོན་ཧྲི་ལན་སློབ་གྲྭ་ཆེན་མོའི་གནའ་བོའི་སྐྱེས་དངོས་རིག་པའི་ཆེད་མཁས་པས་པོའུ་ལི་སི་པན་གྱི་ཀྲུའུ་ལོ་དུས་རབས་ཀྱི་སྤྱི་གླིང་དུ་རིང་ཚད་ལ་སྨི་1.7ཡོད་པའི་ཁུང་འབྲུག་གི་རྐང་རྗེས་གསར་རྙེད་བྱུང་། དེ་ནི་ད་ལྟ་བར་དུ་རྙེད་པའི་ཆེས་ཆེ་བའི་ཁུང་འབྲུག་གི་རྐང་རྗེས་ཡིན་ཏེ། པོའོ་ལི་ཝེ་ཡ་ཏུ་རྙེད་པའི་སྨི་1.15ཡི་རྐང་རྗེས་ཀྱི་ཟིན་ཐོ་བརྒལ་བ་རེད། 

        ཁོན་ཧྲིན་ལན་སློབ་གྲྭ་ཆེན་མོའི་གནའ་བོའི་སྐྱེས་དངོས་རིག་པ་བའི་ཚན་ཆུང་གིས་ངོ་སྤྱོད་བྱས་པ་ལྟར་ན། རིང་ཚད་ལ་སྨི་1.7ཡོད་པའི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ་ནི་ཐེངས་འདིའི་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཞིང་ཁོ་ཚོས་དེ་ནི་དཀར་ཟས་སྤྱོད་པའི་ཁུང་འབྲུག་སྐེ་རིང་གི་རིགས་སུ་གཏོགས་པར་བཞེད།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1