ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་178བཏང་ནས་ཐོན་ཁུངས་ཉམས་ཞན་གྲོང་ཁྱེར་གྱི་རྣམ་པ་འགྱུར་ལྡོག་གཏོང་རྒྱུར་རྒྱབ་སྐྱོར་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-14


2014ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་ཐོན་ཁུངས་ཉམས་ཞན་གྲོང་ཁྱེར་ལ།   གཏོང་སྤྲོད་སྤོ་སྒྱུར་སྒོར་དུང་ཕྱུར་178སྔོན་རྩིས་བཀོད་སྒྲིག་བྱས་པ་དེ་དག་མིག་སྔར་ས་གནས་ཁག་ལ་གཤམ་སྤྲོད་ཟིན་ནས་ཐོན་ཁུངས་ཉམས་ཞན་གྲོང་ཁྱེར་གྱི་ལོ་རྒྱུས་ཀྱི་ཁུར་པོ་མེད་པ་བཟོ་བ་དང་ཐོན་ཁུངས་ཉམས་ཞན་གྲོང་ཁྱེར་གྱི་རྣམ་པ་འགྱུར་ལྡོག་གཏོང་རྒྱུར་མགྱོཌ་མྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

ཐོན་ཁུངས་ཉམས་ཞན་གྲོང་ཁྱེར་གྱི་གཏོང་སྤྲོད་སྤོ་སྒྱུར་ཁྱབ་ཁོངས་ནང་ཕུའུ་ཤིན་དང་ལེའོ་ཡོན་སོགས་ཐོན་ཁུངས་ཉམས་ཞན་གྲོང་ཁྱེར་(རྫོང་དང་གྲོང་ཁྱེར་ཐད་གཏོགས་ཁུལ)དང་དེ་བཞིན་ཐག་རིང་ལུང་ཁུག་ཏུ་གནས་པ་དང་།ཐོན་སྐྱེད་དང་འཚོ་བར་དཀའ་ངལ་ཡོད་པ།རྣམ་པར་འགྱུར་ལྡོག་གཏོང་བར་གནོན་ཤུགས་ཆེ་ཙམ་ལྡན་པ་བཅས་ཀྱི་ཁེར་རྐྱང་བཟོ་གཏེར་ཁུལ་ཁག་གཅིག་ཚུད་ཡོད།གཏོང་སྤྲོད་སྤོ་སྒྱུར་གྱི་མ་དངུལ་སྔོན་དཔག་སྲིད་ཇུས་ཀྱི་དམིགས་ཚད་ལ་སླེབས་པ་བྱ་ཆེད།ནོར་སྲིད་པུས་འཕེལ་སྒྱུར་ཨུ་ལྷན་དང་།      རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ།བསྡོམས་རྩིས་ཅུས་བཅས་དང་མཉམ་དུ་རྣམ་པར་འགྱུར་ལྡོག་གཏོང་བའི་ས་ཁུལ་དུ་ལས་རྗེས་དཔྱད་ཞིབ་བྱས་ཏེ་སྐུལ་གཏོང་ཚོད་འཛིན་ལམ་སྲོལ་བཙུགས་ནས་དཔྱད་ཞིབ་བྱས་འབྲས་གཞིར།    བཟུང་ཅུང་ཞན་པའི་གྲོང་ཁྱེར་གྱི་ལོ་དེ་རང་གི་གཏོང་སྤྲོད་སྤོ་སྒྱུར་སྤར་ཚད་དང་དེ་བཞིན་རྩིས་ཁྲའི་ནང་ལྷག་པའི་མ་དངུལ་ཁག་གཅིག་འཐེན་འཕྲི་བྱེད་པ་དང་ཆབས་ཅིག་དཔྱད་ཞིབ་ཕུལ་བྱུང་ཡིན་པའི་ས་ཁུལ་ལ་བྱ་དགའ་འོས་འཚམ་སྤྲོད་རྒྱུ་ཡིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1