སྤྱི་ཟླ་4པའི་ཚེས་3ཉིན། དུར་མཆོད་དུས་ཆེན་གྱི་སྐབས་སུ་སྐུ་བླ་རི་བོར་ཡུལ་སྐོར་བའི་མཐོ་རླབས་འཕྱུར། ཕྱི་དྲོའི་དུས་ཚོད་གཅིག་བར་སྐུ་བླ་རི་བོའི་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་6455སྣེ་ལེན་བྱས་ཤིང་། དུས་མཚུངས་ཀྱི་འཕར་ཚད་366.40 %ཟིན་པ་དང་། སྒོ་བྱང་ཡོང་འབབ་སྒོར་ཁྲི་25.73མངོན་འགྱུར་བྱུང་བར་མ་ཟད། དུས་མཚུངས་འཕར་ཚད་སྒོར་ཁྲི་186.85ཡིན་པ་རེད།
རབ་དཀར་ཁ་བས་བཀླུབས་པའི་སྐུ་བླ་རི་བོས་ཡུལ་སྐོར་བ་དག་ལ་གཞན་མཚུངས་མ་ཡིན་པའི་རང་བྱུང་གི་མཛེས་པ་གཞན་ཞིག་སྦྱིན་ཞིང་ལྷིང་འཇགས་ཀྱི་ལྗོངས་ཁུལ་འདིར་ཡུལ་སྐོར་བ་དག་གིས་བག་ཕེབས་ངང་རང་བྱུང་གི་བཀོད་པ་ཉམས་སུ་མྱོང་བཞིན་འདུག ལྗོངས་ཁུལ་གྱི་ལས་བྱེད་མི་སྣ་ཡོངས་ལས་ཚོགས་ལ་ཞུགས་ཏེ་ཡུལ་སྐོར་བར་ཞབས་ཞུ་འདོན་སྤྲོད་བྱས་ཤིང་། རྫོང་དང་ཅུས། གྲོང་བརྡལ་གྱི་འབྲེལ་ཡོད་ལས་བྱེད་མི་སྣ་རྣམས་ཀྱིས་ཡུལ་སྐོར་གྱི་ཞབས་ཞུ་ལེགས་པོར་བསྒྲུབས་ནས་ཡུལ་སྐོར་བ་སྣེ་ལེན་བྱེད་པའི་ལས་ཀ་སྤྱིའི་ཆ་ནས་གོ་རིམ་ལྡན་པར་ལེགས་འགྲུབ་བྱུང་།