ད་ལོའི་ཟླ་བཞི་པ་ནི་རྒྱལ་ཡོངས་ཀྱི་སྐབས་26པའི་ཁྲལ་བསྡུའི་ཁྱབ་བསྒྲགས་ཀྱི་དུས་ཚོད་ཡིན་ལ། སྤྱི་ཟླ4པའི་ཚེས་1ཉིན། དཀར་མཛེས་རྫོང་གི་རྒྱལ་ཁྲལ་ཅུས་ཀྱིས་ཁྲལ་བསྡུ་ཁྱབ་བསྒྲགས་བྱེད་སྒོ་སྤེལ།
རྫོང་དེ་གའི་རྫོང་ནང་ཁུལ་དུ་ཁྲལ་བསྡུའི་ཁྱབ་བསྒྲགས་བྱེད་སྒོ་སྤེལ་པ་དང་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱས། དེ་མིན་ཁྱབ་བསྒྲགས་ཡིག་ཆ་འགྲེམ་སྤེལ་དང་ཁྲལ་ཁྲིམས་ཀྱི་རྒྱུན་ཤེས་སོགས་ཁྱབ་བརྡལ་དུ་བཏང་། བྱེད་སྒོའི་ཡུལ་དངོས་སུ། མང་ཚོགས་རྣམས་རང་འགུལ་ངང་བྱེད་སྒོར་ཟབ་ཞུགས་བྱས་ཏེ་ཁྲལ་བསྡུའི་ཤེས་བྱར་སློབ་སྦྱོང་བྱས། བྱེད་སྒོ་སྤེལ་པའི་ཉིན་དེར། ཁྱབ་བསྒྲགས་ཡིག་ཆ་རིགས800ལྷག་འགྲེམ་སྤེལ་བྱས་པ་དང་མི་གྲངས་63གྱི་བློ་འདྲི་དང་ལེན་བྱས།
ཤེས་རྟོགས་བྱུང་པར་ལྟར་ན། སྐབས་26པའི་ཁྲལ་བསྡུའི་ཁྱབ་བསྒྲགས་ཟླ་བ་ནང་དུ་དཀར་མཛེས་རྫོང་གིས་རྒྱལ་ཁྲལ་དང་ཞིང་ཁྲལ་སྡེ་ཁག་གིས་ཁྲལ་བསྡུའི་བཅོས་བསྒྱུས་གཏིང་ཟབ་བྱས་ཏེ་ཁེ་ལས་ཀྱི་འཕེལ་རྒྱས་ལ་རོགས་རམ་བྱེད་ཅེས་པའི་བརྗོད་དོན་གཙོ་བོ་བཟུང་ནས་ཐབས་ཤེས་གང་མང་སྒོས་ཁྲལ་བསྡུའི་བྱེད་སྒོ་གང་མང་སྤེལ་རྒྱུ་རེད། །