དར་གོས་ཚོང་ལམ་གྱི་རྣམ་ཤེས་ཏེ་ཏུང་ཧོང་སྒྱུ་རྩལ་འགྲེམ་སྟོན་ཆེན་མོ་དང་། ཁྲེན་ཏུའུ་དང་དར་གོས་ཚོང་ལམ་གྱི་རིག་དངོས་འགྲེམ་སྟོན་དེ་རིང་མཇུག་སྒྲིལ་བ་རེད། 2016ལོའི་ཟླ་12པའི་ཚེས་27ཉིན་འགྲེམ་སྟོན་འགོ་བརྩམས་པ་ནས་བཟུང་ལྟད་མོ་བ་འབུམ་ཕྲག་ལྷག་འགྲེམ་སྟོན་ཁང་དུ་ཕེབས་ནས་ཁྱད་མཚར་བའི་ཏུན་ཧོང་རིག་དངོས་དང་དར་གོས་ཚོང་ལམ་གྱི་གསང་བར་ཉམས་སུ་མྱངས།
ཉིན་གསུམ་གྱི་ཞིབ་ཚགས་ཀྱི་སྡོམ་རྩིས་ལས་ཤེས་གསལ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་ལ་མི་ཐེངས་ཁྲི་105གཟིགས་མོར་ཕེབས་པ་དང་། བྲག་ཁུང་8དང་དར་གོས་ཚོང་ལམ་གྱི་རིག་དངོས་200ལྷག་སླར་གསོ་བྱས་པར་མ་ཟད། ཆུ་ཚད་མཐོ་བའི་འགྲེལ་བརྗོད་ཐེངས་22ལ་བྱས་པ་རེད། གྲངས་ཀ་འདི་དག་ལས་ཐེངས་འདིའི་འགྲེམ་སྟོན་གྱི་གཞི་རྒྱ་ཆེ་བ་དང་སྤུས་ཀ་མཐོ་བ་མཚོན་པ་རེད།