ལོ་ཕྱེད་འགོར་བའི་ཤྭ་བ་སྐེ་རིང་།
སྤྱི་ཟླ་བཞི་པའི་ཚེས ༦ ཉིན། མཚོ་བོད་ས་མཐོའི་རི་འཁྱར་སྲོག་ཆགས་གླིང་གི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། སྲོག་ཆགས་གླིང་དེས་ཤྭ་བ་སྐེ་རིང་ཐོག་མར་གསོ་སྐྱོང་དང་རྒྱུད་སྤེལ་ཐུབ་པ་དེས། ད་ལྟའི་བར་གོ་ལ་ཡོངས་སུ་ས་མཐོར་ཤྭ་བ་སྐེ་རིང་གསོ་སྐྱོང་རྒྱུད་སྤེལ་ཐུབ་པའི་ཟིན་ཐོ་གཏོད་ཡོད།
མཚོ་བོད་ས་མཐོའི་རི་འཁྱར་སྲོག་ཆགས་གླིང་དེ་མཚོ་སྔོན་ཟི་ལིང་དུ་ཡོད་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨིད ༢༣༠༠ ཙམ་ཡོད། དེ་ནི་མཚོ་བོད་ས་མཐོའི་གཞི་རྒྱ་ཆེ་ཤོས་ཀྱི་རི་འཁྱར་སྲོག་ཆགས་གླིང་ཞིག་ཡིན་པ་དང་། ད་ལྟའི་ཆར་གླིང་དེར་རྒྱུན་ཡོད་སྲོག་ཆགས་རིགས ༡༢༧ དང་མགོ་གྲངས ༣༠༠༠ ལྷག་ཙམ་ཡོད། ཀྲུང་གོའི་གསའ་གཟིག་གསོ་སྤེལ་རྟེན་གཞི་ཉག་ཅིག་དེ་ཡང་གླིང་དེར་ཡོད།།