སྤྱི་ཟླ་4པའི་ཚེས་11ཉིན། སྐབས་101པའི་ཕུའུ་ལི་ཚེའུ་བྱ་དགའི་མཇུག་འབྲས་ཨ་མེ་རི་ཁའི་ཀོ་ལུན་པི་ཡ་སློབ་གྲྭ་ཆེན་མོར་ཁྱབ་བསྒྲགས་བྱས། ཐེངས་འདིའི་ཐོལ་བྱུང་གསར་འགྱུར་གྱི་པར་ལེན་བྱ་དགའ་《ཉིའུ་ཡོ་སྐབས་དོན་ཚགས་པར།》གྱི་རང་དབང་པར་ལེན་པ་ཏན་ཉིར·པེ་རིས་ཧོ་ལ་(Daniel Berehulak)ལ་གནང་བ་རེད། ཁོང་གིས་ཚགས་པར་སྟེང་ཞིབ་བརྗོད་རང་བཞིན་གྱི་འདྲ་པར་བཀོད་པ་བརྒྱུད་ཧྥི་ལི་ཕིན་སྲིད་གཞུང་གིས་གཏུམ་སྤྱོད་དུག་འགོག་བྱ་སྤྱོད་ཟིན་ཐོར་བཀོད་པ་རེད།