ཞི་ཅིན་ཕིང་གསེར་ལྡན་རྒྱལ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་དྲུག་པར་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-15


 བྷ་རེ་ཟེ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལའོ་སེ་ཧྥུའུ་དང་ཨ་གིན་ཐིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཁི་ལིས་སི་ཏིས་ན། ཝེ་ནེ་ཟུ་ཝེ་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མཱ་ཏུའུ་ལའོ། ཁུ་པ་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞོར་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར་མཁན་ལའོ་ཨེར་བཅས་ཀྱིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིང་ཕིན་ཆེད་བཏང་གནམ་གྲུར་བཞུགས་ཏེ་པ་ཞིར་ཕེབས་ནས་གསེར་ལྡན་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་དྲུག་པར་ཞུགས་པ་དང་། གོང་གི་རྒྱལ་ཁབ་བཞིར་རྒྱལ་དོན་འཚམས་འདྲི་བྱེད་རྒྱུ་ཡིན་པར་མ་ཟད། བྷ་རེ་ཟེར་འཚམས་འདྲི་གནང་སྐབས་ཀྲུང་གོ་དང་ལ་ཏིན་མེ་གླིང་དང་། ཅ་ལི་པིས་རྒྱ་མཚོའི་ས་ཁུལ་རྒྱལ་ཁབ་ཀྱི་འགོ་ཁྲིད་ལ་ཐུག་འཕྲད་གནང་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1