ཟླ་4ཚེས་14ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་སྲིད་ཇུས་དང་མ་རྩའི་ཐོག་ནས་རོགས་སྐྱོར་བྱེད་པར་བརྟེན་ནས"རྫོང་དུ་གཙོ་རྟེན་ཐོན་ལས་ཡོད་པ་དང་། གྲོང་སྡེར་གཙོ་ཁྲིད་ཐོན་ལས་ཡོད་པ། དུད་ཚང་ལ་ཕྱུག་འགྱུར་ལས་གཞི་ཡོད་པ"བཅས་ཐོན་ལས་ཀྱིས་དབུལ་སྐྱོར་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ནས་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། མ་དངུལ་སྒོར་དུང་ཕྱུར་1.98བཏང་སྟེ་དབུལ་སྐྱོར་ཐོན་ལས་ཚོད་ལྟ་དཔེ་སྟོན་ཁུལ་བཙུགས་ནས་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང་དང་དབུལ་ཕོངས་ཞིང་འབྲོག་དུད་ཁྱིམ་གསུམ་མཉམ་འབྲེལ་གྱི་ཐོན་ལས་འབྲེལ་ཐག་གྲུབ་ཅིང་། དབུལ་ཕོངས་དུད་ཁྱིམ་1654ལ་འབྲེལ་ཞིང་སྐུལ་ཁྲིད་བྱས་ནས་དུད་ཚང་རེར་ཆ་སྙོམས་སུ་ཡོང་འབབ་སྒོར་1600ལྷག་རེ་འཕར་ཡོད་པ་རེད།།