སྤྱི་4པའི་ཚེས་14ཉིན། གངས་ལྗོངས་ཀྱི་རིག་གནས། གསང་བའི་གཅེས་ནོར་ཞེ་ས་པའི་དཀར་མཛེས་དང་རྔ་བའི་སྒྱུ་རྩལ་བརྩམས་ཆོས་མེན་ཧྲན་ཏུ་འགྲེམ་སྤེལ་བྱས།
གཙོ་སྒྲུབ་པས་ངོ་སྤྲོད་བྱས་པར་ལྟར་ན། འདི་ནི་མེན་ཧྲན་གྲོང་ཁྱེར་གྱིས་ཐེངས་དང་པོ་སྤེལ་པའི་བོད་ཀྱི་རིག་གནས་སྒྱུ་རྩལ་བརྩམས་ཆོས་སྐོར་གྱི་འགྲེལ་སྤེལ་ཞིག་ཡིན་ལ། དེ་མིན་མེན་ཧྲན་དང་དཀར་མཛེས་རྔ་བ་གསུམ་གྱིས་མཉམ་དུ་སྤེལ་པའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྤེལ་ཐེངས་དང་པོ་དེའང་ཡིན། ཐེངས་འདིའི་འགྲེམ་སྤེལ་སྟེང་དཀར་མཛེས་དང་རྔ་བས་ཐང་ག་དང་བོད་ཡིག་ཡིག་གཟུགས། སྣུམ་ཚོན་རི་མོ་སོགས་དམངས་ཁྲོད་ཀྱི་སྒྱུ་རྩལ་བརྩམས་ཆོས་169འགྲེམ་སྤེལ་བྱས་པ་རེད།
ངོ་སྤྲོད་བྱས་པར་ལྟར་ན། ཐེངས་འདིའི་འགྲེམ་སྤེལ་གྱིས་ཐང་ག་སྒྱུ་རྩལ་གཙོ་བོ་བཟུང་ནས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། མེན་ཧྲན་དང་དཀར་མཛེས། རྔ་བ་གསུམ་གྱི་སྒྱུ་རྩལ་བརྩམས་ཆོས་ཀྱི་འཕེལ་རྒྱས་དང་བརྗེ་རེས་ཐད་ལ་སྐུལ་འདེད་བཏང་ནས་སྔར་ལས་མང་བའི་མང་ཚོགས་ལ་སྒྱུ་རྩལ་གྱི་གསང་བར་མྱོང་རོལ་བྱེད་པའི་ཞབས་ཞུ་མཁོ་སྤྲོད་བྱེད་པར་ཕན་ནུས་ཆེན་པོ་ལྡན་པ་རེད།།