2017ལོར་བོད་ཁུལ་གྱི་དམངས་འཚོ་ལས་གཞིའི་འཆར་གཞི་ལ་མ་དངུལ་སྒོར་དུང་ཕྱུར་66གཏང་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-20


        ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཉེ་ལམ་《2017ལོའི་བོད་ཁུལ་གྱི་དམངས་འཚོ་ལས་གཞིའི་ལས་ཀ་སྤྱིའི་འཆར་བཀོད།》དང་དབུལ་སྐྱོར་དཀའ་སེལ་གྱི་ལས་ཀ ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ལ་སྐུལ་འདེད། སློབ་གསོ་འཕེལ་རྒྱས་དར་སྤེལ། སྨན་བཅོས་འཕྲོད་བསྟེན་མཐོར་འདེགས། རིག་གནས་གོང་འཕེལ་དར་རྒྱས། བོད་ཁུལ་གྱི་སྡོད་ཁུལ་གསར་པའི་འཛུགས་སྐྲན་སོགས་ལག་བསྟར་འཆར་འགོད་དྲུག(“1+6”འཆར་གཞི།)པར་འགྲེམ་བྱས། ད་ལོར་སྔོན་རྩིས་བྱས་པ་ལྟར་ན་དམངས་འཚོའི་ལས་གཞི་དྲུག་ལ་མ་དངུལ་སྒོར་དུང་ཕྱུར་66.69གཏང་རྒྱུ་རེད། 
དམངས་འཚོ་ལས་གཞིའི་འཆར་འགོད། 
        དབུལ་སྐྱོར་དཀའ་སེལ་གྱི་ལས་ཀ་ཐད་ནས་གཙོ་བོ་བོད་ཁུལ་གྱི་ཞིང་སྡེའི་དབུལ་སྐྱོར་བྱེད་ཡུལ་ཁྲི་8.32ཡི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་སྡོད་གནས་སྤོ་བའི་དབུལ་ཕོངས་རོང་འབྲོག་མང་ཚོགས་ཁྲི་1.65ལ་བཀོད་སྒྲིག་བྱེད་པའི་བྱང་བུ་བཟོ་རྒྱུ་རེད། 
        ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ལ་སྐུལ་འདེད་ཐད་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་བསྡུར་ཚད་4.2%ཚུན་དུ་ཚོད་འཛིན་བྱ་རྒྱུ་དགོས་པ་དང་དབུལ་ཕོངས་ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་ཉམས་པའི་རྒན་རྒོན་དང་དགུང་ལོ་80ཡན་གྱི་རྒན་རྒོན་ཁྲི་5.72ལ་རྒན་གསོའི་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ་རེད། 
        སློབ་གསོ་འཕེལ་རྒྱས་དར་སྤེལ་ཐད་ནས་གཏིང་ཟབ་བའི་སྒོ་ནས་ལོ་བཅོ་ལྔའི་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་བོད་ཁུལ་གྱི་སློབ་ལོ་སྔོན་གྱི་ལོ་གསུམ་གྱི་སློབ་ཞུགས་བསྡུར་ཚད་72%ལ་སླེབས་དགོས་པ་དང་མཐོ་འབྲིང་རིམ་པའི་སློབ་ཞུགས་བསྡུར་ཚད་80%སླེབས་དགོས་པ་རེད།   
        སྨན་བཅོས་འཕྲོད་བསྟེན་མཐོར་འདེགས་ཐད་ནས་འོས་མཐུན་སྒོས་བོད་ཁུལ་གྱི་གཞི་རྩའི་གཞུང་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་ཚད་ལྡན་དུ་བཏང་ནས་སྦྲུམ་མ་ཁྲི་1.25སྨན་ཁང་དུ་ཞག་སྡོད་བྱས་ཏེ་རོགས་སྐྱོར་བྱེད་པ་དང་ལིང་ཏོག་གི་ནད་པ་430ལ་མིག་ཟུང་ནུས་པ་སླར་གསོའི་གཤག་བཅོས་བྱ་རྒྱུ་རེད།
        རིག་གནས་གོང་འཕེལ་དར་རྒྱས་ཐད་ནས་བདེ་སྐྱིད་དྲོད་ཁོལ་གྱི་རིག་གནས་གླིང་ག་900བསྐྲུན་པ་དང་། ཡུལ་ཤོག་དང་སྡེ་བའི་སློར་གྲྭར་ན་གཞོན་ཕོ་བྲང་52གསར་སྐྲུན་བྱ་རྒྱུ་ཡིན་པར་མ་ཟད། སྡེ་བ་རིམ་པའི་ཞིང་བའི་ལུས་རྩལ་སྦྱོང་བརྡར་གྱི་ལས་གཞི་516ལག་བསྟར་བྱ་རྒྱུ་རེད། 
        བོད་ཁུལ་གྱི་སྡོད་ཁུལ་གསར་པའི་འཛུགས་སྐྲུན་ཐད་ནས་སྡོད་ཁང་ཉེན་ཁ་ཅན་གྱི་དབུལ་ཕོངས་ཁྱིམ་ཚང་17348ལ་སྡོད་ཁང་གསར་པ་འཛུགས་སྐྲུན་བྱེད་པ་ལེགས་འགྲུབ་འབྱུང་དགོས་པ་དང་། བོད་ཁུལ་གྱི་རྫོང(གྲོང་ཁྱེར)23ལ་མུ་མཐུད་དུ་བདེ་སྐྱིད་མཛེས་སྡུག་གི་གྲོང་སྡེ་གསར་པའི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་པ་དང་། དབུལ་སྐྱོར་གྲོང་སྡེ་གསར་པ་621ཡི་སྤྱི་པའི་ཞབས་ཞུ་དང་རྨང་གཞིའི་སྒྲིག་བཀོད་ཆ་ཚང་འཛུགས་སྐྲུན་བྱ་དགོས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1