ཀན་སུའུ་ཞིང་ཆེན་གྱི་ཁྲིམས་དཔོན་61གིས་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་ཁྲིམས་ར་འཚོག་ཐུབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-21


          ལོ་3ལྷག་ཙམ་རིང་གི་གསོ་སྐྱོང་སྦྱོང་བརྡར་བྱེད་ཤུགས་ཆེར་གཏོང་དང་ཤེས་ལྡན་མི་སྣ་ནང་འདྲེན་བྱས་པ་བརྒྱུད། ཀན་སུའུ་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་དུ་ཁྲིམས་དཔོན་61གིས་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་ཁྲིམས་ར་འཚོག་ཐུབ་པས། བོད་རིགས་མང་ཚོགས་ཀྱི་ཞུ་གཏུག་དབང་ཆ་འགན་སྲུང་སྔར་ལས་ལྷག་པར་བྱེད་ཐུབ་པ་རེད། 
        ཀན་སུའུ་ཞིང་ཆེན་ནི་མི་རིགས་མང་བ་འདུས་སྡོད་བྱས་པའི་ཞིང་ཆེན་ཞིག་ཡིན་པ་དང་། དུས་ཡུན་རིང་པོར་རང་མི་རིགས་ཀྱི་སྐད་བརྡ་བེད་སྤྱོད་པའི་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་མཚོན་ནས་བཤད་ན། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ཞུ་གཏུག་བྱེད་པའི་སྐད་བརྡ་དེ་ཁོང་ཚོས་ཁྲིམས་ལུགས་བེད་སྤྱད་དེ་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་ཐུབ་མིན་གྱི་འགལ་རྐྱེན་དུ་འགྱུར་བཞིན་ཡོད་པ་རེད། བོད་རིགས་མང་ཚོགས་འདུས་སྡོད་བྱེད་སའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དཔེར་བཞག་ནས་བཤད་ན། ཐད་ཀར་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་ཁྲིམས་ར་འཚོགས་ནས་གྱོད་གཞི་ཞིབ་གཅོད་བྱེད་ཐུབ་པའི་ཁྲིམས་དཔོན་སྔོན་ཆད་མི་10ཡང་མེད་པ་རེད།
        2013ལོའི་ཟླ་9པར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་དུ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་གསོ་སྐྱོང་སྦྱོང་བརྡར་རྟེན་གཞི་བཙུགས་པ་མ་ཟད་བེད་སྤྱོད་བྱེད་འགོའང་བཙུགས་པ་རེད། ལོ་3ལྷག་ཙམ་གྱི་རིང་ལ་སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པ་300ལྷག་གསོ་སྐྱོང་སྦྱོང་བརྡར་བྱས་པ་དང་། དེའི་ཁྲོད་ཁྲིམས་ཁང་གི་ལས་བྱེད་པ་དང་ཉེན་རྟོག་པ་100ལྷག་ཙམ་ཡོད་པ་རེད། ཀན་སུའུ་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་དུ་ལས་གོ་འཕེར་བའི་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་ལས་དོན་སྒྲུབ་ཐུབ་པའི་ཤེས་ལྡན་མི་སྣ་77ལ་འཕར་བ་དང་། དེའི་ཁྲོད་དུ་མི་61གིས་སྐད་རིགས་གཉིས་ཀྱི་ཐོག་ནས་ཁྲིམས་ར་འཚོག་ཐུབ་ཀྱི་ཡོད་པ་རེད།
        སྐད་རིགས་གཉིས་ཤེས་པའི་ཤེས་ལྡན་མི་སྣ་"བསྡུ་མི་ཐུབ་པ"དང"ཡུན་རིང་གནས་མི་ཐུབ་པའི"གནད་དོན་ཐག་གཅོད་བྱ་ཆེད། ཀན་སུའུ་ཞིང་ཆེན་གྱིས་ད་དུང་སྲིད་ཁྲིམས་ཀྱི་ལས་བྱེད་པ་དང་ཉེན་རྟོག་པའི་བོད་རྒྱ་སྐད་རིགས་གཉིས་ཀྱི་ཚོད་ལྟ་འཛིན་གྲྭའི་སློབ་མ་དམིགས་འཛུགས་ཀྱིས་བསྡུ་བའི་ལས་དོན་སྤེལ་བ་རེད། 2016ལོར་བོད་རྒྱ་སྐད་རིགས་གཉིས་ཀྱི་སྲིད་ཁྲིམས་ཀྱི་ལས་བྱེད་པ་དང་ཉེན་རྟོག་པ་12དམིགས་འཛུགས་ཀྱིས་བསྡུས་པ་རེད། དེ་དང་དུས་མཉམ་དུ་བོད་རྒྱ་སྐད་རིགས་གཉིས་ཀྱི་ཁྲིམས་ལུགས་རིག་པའི་དངོས་གཞིའི་སློབ་མ་50བསྡུས་པ་རེད། །
              
             


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1