སྤྱི་ཟླ་4པའི་ཚེས་18ཉིན། ཧུང་ཡོན་རྫོང་གིས་སྐབས་གསུམ་པའི་སྲོལ་རྒྱུན་རོལ་མོ་ཚོགས་པའི་ཟབ་སྦྱོང་འཛིན་གྲྭ་སྤེལ། ཧུང་ཡོན་རྫོང་གི་དམངས་ཁྲོད་ཀྱི་སྲོལ་རྒྱུན་རོལ་མོ་རུ་ཁག་དང་ཡུལ་ཤོག་དང་གྲོང་རྡལ་སོ་སོའི་རོལ་མོར་མོས་པ་ཟབ་པའི་མི་སྣ་26ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭར་ཞུགས་པ་དང་། ཟབ་སྦྱོང་གི་དུས་ཡུན་ཉིན་11ཡིན་པ་རེད།
ཐེངས་འདིའི་ཟབ་སྦྱོང་ལ་ཀན་སུའུ་ཞིང་ཆེན་རྨ་ཆུ་རྫོང་གི་མིང་དུ་གྲགས་པའི་རྡུང་ལེན་པ་རྡོ་རེད་སོགས་གདན་ཞུ་བྱས་ཡོད་པ་དང་། ཟབ་སྦྱོང་གི་སྐབས་སུ་ཁྱོན་ཡོངས་ནས་དམངས་ཁྲོད་ཀྱི་སྲོལ་རྒྱུན་རོལ་མོ་རུ་ཁག་གི་གླུ་དབྱངས་དང་འབྲུག་མགོ་མའི་རྨང་གཞི་ཤེས་བྱ། དཀྲོལ་ལེན་གྱི་ཉམས་མྱོང་། རོལ་ཆས་ཀྱི་ལག་ལེན་སོགས་ཀྱི་ཐད་ནས་རྒྱས་པར་སློབ་ཁྲིད་བྱ་རྒྱུ་རེད།།