བསམ་ཡས་དགོན་གྱི་ཉམས་གསོ་ད་ལོའི་ལོ་སྟོད་དུ་མཇུག་སྒྲིལ་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། སྤེལ་དུས། 04-24


        ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ཁོངས་སུ་གནས་པའི་བསམ་ཡས་དགོན་པའི་འདུ་ཁང་གི་ཐོག་སྟེང་དང་ས་ངོས།  ཀ་བ་སོགས་ལ་སྤྱི་ལོ ༢༠༡༦ ལོའི་ཟླ ༤ པ་ནས་ཉམས་གསོ་བྱེད་འགོ་ཚུགས་པ་དང་།  ད་ལྟའི་ཆར་ལས་གྲྭ་མཇུག་སྒྲིལ་མཚམས་སུ་སླེབས་ཡོད།  སྔོན་དཔག་བྱས་ན་ད་ལོའི་ལོ་སྟོད་དུ་ཡོངས་སུ་ལས་མཇུག་སྒྲིལ་རྒྱུ་རེད།   
        ལོ་ངོ་ ༡༢༠༠ ལྷག་ཙམ་ལྡན་པའི་བསམ་ཡས་མི་འགྱུར་ལྷུན་གྱི་ཕོ་བྲང་ནི་བོད་བརྒྱུད་ནང་བསྟན་ལོ་རྒྱུས་ཐོག་སངས་རྒྱས།  ཆོས།  དགེ་འདུན་ཡོངས་སུ་རྫོགས་པའི་དགོན་སྡེ་ཨང་དང་པོ་དེ་ཡིན་ཞིང་།  དགོན་པའི་སྤྱིའི་རྒྱ་ཁྱོན་ལ་སྨིད་ངོས་སྙོམས་གྲུ་བཞི་མ་ཁྲི ༢.༥ ལྡན་ཡོད།  དེ་ནི་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཡིན་པ་མ་ཟད།  བོད་ཀྱི་ཆོས་ལུགས་ཀྱི་ཞིང་ས་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་གནད་ཞིག་ཀྱང་ཡིན།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1