ཉེ་ཆར། ཉག་ཆུ་རྫོང་ཞིང་འབྲོག་ཚན་རྩལ་ཅུས་ཀྱིས་ཞིང་ལས་ཚན་རྩལ་ས་ཚིགས་དང་ཞིང་ལས་འཕྲུལ་ཆས་དོ་དམ་ས་ཚིགས་ཀྱི་ལག་རྩལ་པ་འགའ་རྩ་འཛུགས་བྱས་ཏེ། གྲོང་གསུམ་ཡུལ་ཤོག་གི་དར་རྒྱས་གྲོང་དུ་པད་ཁ་ཚོད་ལྟའི་རྟེན་གཞིར་ལྟ་སྐོར་དུ་ཕྱིན་ཏེ། ས་གནས་དེ་གའི་་མང་ཚོགས་ལ་པད་ཀ་འདེབས་འཛུགས་ཀྱི་ལག་རྩལ་དང་འདེབས་འཛུགས་ཐབས་ཤེས་བཅས་ཁྲིད་སྟོན་བྱས། མང་ཚོགས་དང་མཉམ་དུ“འདེབས་འཛུགས་བྱེད་སྟངས་ཁག་གསུམ”ཁྱབ་སྤེལ་བྱས་པར་མ་ཟད། ད་དུང་ཡུལ་དངོས་སུ་པད་ཁ་འདེབས་འཛུགས་བྱེད་སྟངས་བཅས་སློབ་ཁྲིད་བྱས། དུས་མཚུངས་སུ་པད་ཁའི་རིགས་གསར་པ་8ཁྱབ་སྤེལ་བཏང་ནས། རིགས་རེ་རེའི་འདེབས་འཛུགས་བྱེད་དུས་ས་བོན་གྱི་མང་ཉུང་དང་། ལུག་གསོ་བའི་ལག་རྩལ། ད་དུང་འདེབས་འཛུགས་ཚར་དུས་དོ་དམ་བྱེད་ཚུལ་སོགས་འབྲེལ་ཡོད་ཀྱི་ལག་རྩལ་ཡོངས་རྫོགས་གསོ་སྦྱོང་བྱས།