རྭ་གཡས་ལྷ་རྒྱལ་འཐེན་འདྲ་འདུག།
རྭ་གཡོན་ཕྱག་འགུག་བྱས་འདྲ་འདུག།
ཨམ་ལྕོག་ཏིང་ཤང་ཁ་འབུག་འདྲ།།
སྐེད་བཏག་དཀར་ཚར་དམར་ཚར་གསུམ།།
རྫི་བོས་ལ་བཙས་གསོལ་བ་འདྲ།།
སྐེད་པ་དར་ཐག་འཐེན་འདྲ་འདུག།།
བརླ་ཤ་མཁྲེགས་ལ་ཆུ་བབས་འདྲ།།
འོ་རྡོག་སླ་ང་ཁ་སྦྱོར་འདྲ།།
ནུ་མ་རྒྱ་གླིང་ཁ་ཆ་འདྲ།།
འོ་མའི་རྦ་རྩུབ་འཚམ་པ་འདུག།
དབྱར་ཆར་བབས་པའི་ཆུ་སྐད་ལས།།
ནོར་ཁྲ་ཆུང་འཇོ་བའི་འོ་སྐད་ཆེ།།