༄༅།། ནང་པའི་ཆོས་ལུགས་དང་ཚན་རིག་བར་གྱི་ལྟ་བའི་མཐུན་འགྲིག

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-28


        སངས་རྒྱས་ཆོས་ལུགས་ཀྱི་གཞུང་《མངོན་པ་མཛོད།》ལས། གླིང་བཞི། གླིང་ཕྲན། ཉི་ཟླ། རྒྱུ་སྐར་བཅས་ཆ་ཡོངས་སུ་ཚང་པའི་འཇིག་རྟེན་ཁམས་སྟོང་ཕྲག་གཅིག་ལ་སྟོང་དང་པོའི་འཇིག་རྟེན་ཞེས་ཟེར་ཞིང་། སྟོང་དང་པོ་དེ་འདྲ་བ་སྟོང་ཕྲག་གཅིག་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་དང་། སྟོང་གཉིས་པ་དེ་འདྲ་བ་སྟོང་ཕྲག་གཅིག་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བཤད་སྲོལ་ཡོད། ཡང་ན། འཇིག་རྟེན་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་མཚམས་སྦྱོར་དང་པོ་སྟེ། རབ་འབྱམས་རྒྱ་མཚོ་ཞེས་གསུངས་སོ།
         དེང་སང་ཚན་རིག་ལག་རྩལ་ཡར་མཐོ་ཆེན་པོ་བྱུང་ལ། གནམ་དཔྱད་རིག་པ་རྣམས་ཀྱིས་དགུ་ཚིགས་མ་ལག་ལའང་ཞིབ་འཇུག་བྱས་ཡོད། སྐར་མའི་གོ་ལ་འགའ་ཞིག་ནི་ཉི་མ་དང་མཚུངས་པར་རང་སྟེང་ནས་འོད་འཕྲོ་བའི་སྐར་ཚོགས་ཀྱང་དུང་ཕྱུར་འགའ་ཡོད་པ་ཤེས་ཐུབ། འདི་ནི་ནང་ཆོས་ཀྱི་གསུངས་པ་དང་གཅིག་མཚུངས་རེད་འདུག
        ཐེངས་ཤིག་སངས་རྒྱས་ཆུ་བོ་གང་གཱའི་འགྲམ་ངོགས་སུ་བཞུགས། ཁོང་གི་སློབ་མས་ལྷུང་བཟེད་ཀྱི་ནང་དུ་ཆུ་བླངས་ཏེ་སངས་རྒྱས་ལ་དྲངས། སངས་རྒྱས་ཀྱིས་ཁོང་གི་སློབ་མར་ལྷུང་བཟེད་གཅིག་གི་ནང་དུ། འབུ་ཕྲ་ཁྲི་བརྒྱད་དང་སྟོང་བཞི་ཡོད་་པར་གསུངས། དུས་རབས་བཅོ་ལྔ་པའི་དུས་མཇུག་ཏུ་ཚན་རིག་པས་ཕྲ་མཐོང་ཆེ་ཤེལ་གསར་གཏོད་བྱས་རྗེས། འབུ་ཕྲ་མང་པོ་ཆུ་ནང་དུ་གནས་ཡོད་པ་དངོས་སུ་མཐོང་། མཐའ་ཡས་པའི་འཇིག་རྟེན་ཁམས་ནི་བགྲང་དུ་མེད་པའི་སྐར་ཁྱིམ་གྱིས་གྲུབ་ཡོད་ཅེས་གསུངས། ནང་ཆོས་ལས་གསུངས་པ་ནང་བཞིན། འཇིག་རྟེན་ཁམས་ནི་མཐའ་མེད་པ་དང་མ་འགྱུར་སེམས་ཅན་ཐམས་ཅད་ཀྱང་དཔག་ཏུ་མེད།
          ཚན་རིག་ནི་བདེན་དོན་ངོ་མ་འཚོལ་བཤེར་བྱེད་པའི་རིག་པ་ཞིག་ཡིན་ལ། ནང་པ་སངས་རྒྱས་ཀྱི་ཆོས་ཀྱིས་ཡང་ལོ་ངོ་ཉིས་སྟོང་དྲུག་བརྒྱ་ཡས་མས་སུ་དངོས་ཡོད་ཀྱི་འཇིག་རྟེན་ཁམས་ཀྱི་ཐད་ལ་བསམ་བློ་མང་པོ་བཏང་ཡོད། དེ་བས་དེང་རབས་ཀྱི་ཚན་རྩལ་གྱིས་ཞིབ་འཇུག་གྲུབ་འབྲས་དང་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བར་འདྲ་ས་ཧ་ཅང་མང་པོ་འདུག ད་ལྟའི་ཚན་རིག་པ་དག་སྐར་ཚོགས་ཀྱི་སྟེང་དུ་སོང་ནས་ཤེས་རྟོགས་བྱུང་བ་རྣམས་ཆོས་གཞུང་དུ་ཡོད་པའི་ལྟ་བ་ཡིན།
        མིའི་ལུས་པོར་དཔེ་བཞག་ནས་བཤད་ནའང་སངས་རྒྱས་ཆོས་ལུགས་དང་ཚན་རིག་གི་ལྟ་བར་འདྲ་ས་འདུག་སྟེ། སངས་རྒྱས་ཆོས་ལུགས་ཀྱིས་མིའི་ལུས་པོ་ནི་ས་དང་ཆུ། མེ་དང་རླུང་བཅས་ཀྱི་གྲུབ་ཡོད་པར་གསུངས། ཚན་རིག་གི་དགོངས་དོན་ལྟར་ན་མི་ཞིག་གི་ལུས་པོ་ནི་16%ཀྱི་ཐཱན་དང་8%ཀྱི་ཆིང་། 3%གྱི་ཏན་དང་1.5%ཡི་ཀལ། དེ་མིན་1%གི་ལིན་དང་0.5%ནི་གྲུབ་ཆ་གཞན་པ་དང་ད་དུང་70%ཡི་ཆུ་བཅས་ཀྱི་གྲུབ་ཡོད་པ་རེད། །  

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1