༄༅།།རྒྱ་བོད་སྐད་ཡིག་ཕན་ཚུན་སྒྱུར་སྟངས་སྐོར་ལ་ཅུང་ཙམ་དཔྱད་པ།

དཔལ་འཛོམས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-28


གཅིག མིང་གཅིག་དོན་དུ་མ་ལ་འཇུག་པའི་སྒྱུར་ཐབས།
        ཡིག་སྒྱུར་སྐབས་སུ་ཆོས་ཅན་བརྗོད་པའི་མིང་དང་། ཆོས་བརྗོད་ཀྱི་མིང་། ལས་ཚིག བྱ་བའི་རྣམ་པ་སྟོན་པའི་མིང་སོགས་རིགས་མི་འདྲ་བ་མང་པོ་ཞིག་ཡོད་པ་རེད། ཡིག་སྒྱུར་སྐབས་སྐད་རིགས་གཉིས་ཀྱི་རིག་གནས་རྒྱབ་ལྗོངས་མི་འདྲ་བའི་དབང་གིས་སྐབས་འགར་ཆོས་ཅན་བརྗོད་པའི་མིང་རྣམས་ལས་ཚིག་ལ་བསྒྱུར་དགོས་པ་དང་། སྐབས་འགར་བྱ་ཚིག་ལ་བསྒྱུར་དགོས་པ་སོགས་མི་འདྲ་བ་དུ་མ་ཞིག་འཕྲད་སྲིད་པས་བརྗོད་དོན་དངོས་ཀྱི་ནང་དོན་ལྟར་མ་ཡིག་དང་མཐུན་དང་རང་སྐད་དང་འཕྲོད་པར་བསྒྱུར་རྒྱུ་ནི་གལ་ཆེའོ།
1.བོད་སྐད་མིང་གཅིག་དོན་དུ་མ་ར་འཇུག་པ།
        སྐར་མ། དོན་མི་འདྲ་བ་བཞི་ལ་འཇུག་སྟེ། 1.星星2.表示考试成绩分.3.重量单位,一两市斤的 1%。4.表示时间,一分钟,十分钟。ཇ་ཁང་། དོན་མི་འདྲ་བ་བཞི་ལ་འཇུག་སྟེ། 1.茶库。2.茶店3.厨房4.茶楼。རེ་བ། དོན་མི་འདྲ་བ་གསུམ་ལ་འཇུག་པ་སྟེ།1.希望2.动词;要求3.粗牛毛织物རབ་གསལ། དོན་མི་འདྲ་བ་བཞི་ལ་འཇུག་སྟེ། 1.窗户2.明亮3.一个佛名4.太阳 གོང་གསལ་འདི་དང་འདི་ལྟ་བུའི་བོད་ཡིག་མིང་གཅིག་དོན་དུ་མ་ལ་འགྱུར་བའི་རིགས་རྣམས་རྒྱ་ཡིག་ཏུ་བསྒྱུར་ཚེ་སྐབས་ཐོབ་ཀྱི་གོ་དོན་དང་བསྟུན་ནས་བསྒྱུར་དགོས་པ་ལས། མིང་གཅིག་ཁོ་ནའི་དོན་དུ་བསྒྱུར་ན་སྐབས་དོན་དང་འབྲེལ་བ་གང་ཡང་མེད་པའི་འཆལ་གཏམ་ལྟ་བུ་ཡོང་བ་སྨོས་མ་དགོས་པ་རེད། དེ་བཞིན་དུ་རྒྱ་ཡིག་ལའང་མིང་གཟུགས་གཅིག་དེ་དོན་དུ་མ་ལ་འཇུག་པར་མཐོང་སྟེ།
2.རྒྱ་སྐད་མིང་གཅིག་དོན་དུ་མ་ལ་འཇུག་པ།
        东西སྐབས་ཐོབ་ཀྱི་དོན་མི་འདྲ་བ་བཞི་ལ་འཇུག་སྟེ། 1.ཕྱོགས་ལ་འཇུག་པ་སྟེ། ཤར་ནུབ། ཤར་དང་ནུབ་འབྲེལ་ནས་ཕྱོགས་སྟོན་པ་དང་ཅ་དངོས་སོགས་གང་རུང་ལ་སྒྱུ་ཆོག运动སྐབས་ཐོབ་ཀྱི་དོན་མི་འདྲ་བ་གསུམ་ལ་འཇུག་པ།1.འགུལ་བསྐྱོད་དང་2.གཡོ་འགུལ། 3.ལུས་རྩལ་པ། 4. འཕོ་འགྱུར། འགྱུར་བ། སྐད་ཅིག་མ་སོགས་ལྟ་བུ་སྐབས་བབ་ཀྱི་དོན་ལ་འགྱུར་བ་ཡོད་པས་རྒྱ་སྐད་བོད་སྐད་དུ་སྒྱུར་སྐབས་ཀྱང་སྐབས་ཐོབ་ཀྱི་གོ་བ་ལ་བརྟེན་ནས་བསྒྱུར་དགོས་པའི་རིགས་ཧ་ཅང་པོ་ཞིག་ཡོད།
གཉིས། དོན་ཡང་དག་པར་བསྒྱུར་བའི་ཆེད་དུ་ཚིག་དང་གོ་རིམ་འཕྲི་སྣོན་བྱ་དགོས། 1.བརྗོད་དོན་གསལ་པོར་ཡོང་བའི་ཆེད་དུ་བོད་སྐད་ལ་ཚིག་གྲོགས་འགའ་ཞིག་སྣོན་པ། 领导我们事业的核心力量是中国共产党,指导我们思想的理论基础是马克思列宁主义“ང་རང་ཚོའི་ལས་དོན་གྱི་འགོ་ཁྲིད་བྱེད་མཁན་སྲོག་ཤིང་དུ་གྱུར་པའི་སྟོབས་ཤུགས་ནི་ཀྲུང་གོ་གུང་ཁྲན་ཏང་ཡིན། །ང་རང་ཚོའི་བསམ་བློའི་སློབ་སྟོན་བྱེད་ཡས་ཀྱི་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་ནི་མར་ཁེ་སི་ལེ་ཉིང་རིང་ལུགས་ཡིན། བོད་སྐད་དུ་བསྒྱུར་སྐབས་བོད་ཀྱི་སྐད་ཡིག་གི་འགྲོས་དང་བསྟུན་སྟེ། འགོ་ཁྲིད་བྱེད་མཁན། སྲོག་ཤིང་དུ་གྱུར་པའི། སློབ་སྟོན་བྱེད་ཡས། ཞེས་བསྒྱུར་ན་བོད་སྐད་རྣལ་མར་གྱུར་པས་སུས་ཀྱང་གོ་ཐུབ། གལ་སྲིད་མཁན་དང་། གྱུར་པའི། བྱེད་ཡས་ཞེས་པ་འདི་དག་རྒྱ་ཡིག་ནང་དུ་མེད་པས་བོད་སྐད་ལའང་མེད་པར་བྱས་ན། དེ་མདོ་དབུས་ཁམས་གསུམ་གྱི་སྐད་དང་མི་མཐུན་པ་ཞིག་ཡིན་སྟབས་བརྗོད་དོན་གང་ཡིན་གསལ་པོར་སྟོན་མི་ཐུབ། རྒྱ་ཡིག་གི་ནང་དོན་ཇི་བཞིན་སྟོན་ཐུབ་པའི་ཆེད་དུ་བོད་ཡིག་ལ་འཕྲི་སྣོན་གང་དགོས་བོད་སྐད་དང་བསྟུན་ནས་བསྒྱུར་ཡོད་འདུག །
གསུམ། དོན་གསལ་པོར་བསྒྱུར་བའི་ཆེད་དུ་མ་ཡིག་གི་
ཚིག་འགའ་ཞིག་འཕྲི་བསྒྱུར་བྱེད་པ།
“从南边闯来的这个痴情小伙子,心里边除了月香,再难以容下任何别的女孩了。他的心被苦苦的思念。冻结着。而那位刚强女人,为了对上辈人的一个十分偏狭的承诺,不惜牺牲了女儿至烈的爱情追求,这不能不让人感到惋惜和遗憾。”ཉི་མ་ལྷོ་ཕྱོགས་ནས་ཡོང་པའི་ལྷད་མེད་བརྩེ་དུང་ཅན་གྱི་ཕོ་གཞོན་དེའི་ཡིད་ལ། ཡེ་ཤང་ལས་གཞན་པའི་བུ་མོ་སུ་ལའང་ཡིད་མ་ཆགས་པས། མྱ་ངན་གདུང་བ་དྲག་པོའི་ཞེན་ཆགས་ཀྱིས་མནར་ཡོད་པ་རེད། །གཞན་ཡང་གཤིས་རྒྱུད་གྱོང་པའི་བུད་མེད་དེས། མི་རབས་སྔོན་མའི་གུ་དོག་པོའི་སྲོལ་ལུགས་ཀྱི་ཁས་ལེན་དེ་བསྒྲུབ་པའི་ཆེད་དུ། བུ་མོའི་བརྩེ་དུང་དྲག་པོའི་འབད་བརྩོན་དེ་སྣང་མེད་ངང་དུ་བློས་བཏང་བ་རེད། དེ་ནི་མི་རྣམས་ཀྱིས་བློ་ཕམ་དང་ཡིད་ཆད་དགོས་པ་ཞིག་མ་ཡིན་ནམ།” འདི་ནི་《བུད་མེད་ཀྱི་ཆུ་བོ་ལས་བརྒལ་བའི་སྐྱེས་པ།》ཞེས་པའི་བརྙན་སྒྲུང་དེའི་ནང་གི་འབྲེལ་བཤད་དུམ་བུ་དེའི་ནང་དོན་བོད་ཇི་བཞིན་བོད་སྐད་དུ་བསྒྱུར་བ་ཞིག་ཡིན། གལ་སྲིད་རྒྱ་ཡིག་གི་འབྲུ་དོན་ལྟར་བསྒྱུར་ན། ནང་དོན་ཁ་མི་གསལ་ཞིང་བོད་སྐད་ཀྱི་སྤྱིར་འགྲོས་དང་ཡང་མི་མཐུན་པ་ཞིག་ཡོང་སྲིད།
བཞི། མིང་རྐྱང་དང་བྱ་ཚིག་སྐབས་ཐོབ་དང་བསྟུན་ནས་བསྒྱུར་དགོས་པ།
        བོད་སྐད་ནང་དུ་ཡི་གེའི་སྒྲ་གདངས་ཀློག་ཚུལ་གྱི་མིང་རྐྱང་དང་བྱ་ཚིག་གི་འགྱུར་བ་ཅན་མང་པོ་ཞིག་ཡོད་པ་རེད། དེ་ནི་སྐབས་ཐོབ་ཀྱི་གོ་དོན་དང་བསྟུན་ནས་བསྒྱུར་དགོས་པ་ལས། མཐའ་གཅིག་ཏུ་མིང་རྐྱང་ཁོ་ནའི་དབང་དུ་བྱས་ནས་བསྒྱུར་ན་བརྗོད་དོན་མེད་པའི་སྒྲ་ཚོགས་ལྟ་བུར་འགྱུར་སྲིད། དཔེར་ན། ཚེ་སྟོད་བསགས་པའི་ལོངས་སྤྱོད་དེ་ཚེ་སྨད་རྒས་པའི་དུས་སུ་ལོངས་སྤྱོད་དགོས། ཞེས་པ་དེ་རྒྱ་སྐད་དུ་བསྒྱུར་ན།年轻时积累的财富晚年享受ཞེས་བསྒྱུར་དགོས། མ་ཡིག་ནང་དུ་ལོངས་སྤྱོད་ཅེས་ཐེངས་གཉིས་བྱུང་བ་དེ་དང་པོ་མིང་རྐྱང་དང་། གཉིས་པ་དེ་བྱ་ཚིག་ཡིན་པ་ཤེས་སླ། དེས་ན་ལོངས་སྤྱོད་དང་པོ་དེ་མིང་རྐྱང་ཡིན་པས།财富གཉིས་པ་དེ་བྱ་ཚིག་ཡིན་སྟབས།享受ཞེས་བསྒྱུར་དགོས་པའི་གནད་དེ་ཤེས་པར་བྱ་དགོས།
ལྔ། མིང་གསར་པ་རྣམས་བོད་སྐད་དང་མཐུན་ཞིང་
གོ་བདེ་བར་བསྒྱུར་དགོས།
        སྤྱི་བཏང་མིང་ཚིག་གསར་པ་དེ་སྤྱི་ཚོགས་འཚོ་བའི་ནང་དུ་མང་ཚོགས་རང་ཉིད་ཀྱིས་གསར་དུ་བཏགས་པ་ཞིག་ཡིན་ན་ཧ་ཅང་གོ་སླ་ཞིང་བརྗོད་བདེ་བ་ཞིག་བྱུང་ཡོད་འདུག དཔེར་ན།拖拉机དྲུད་འཐེན་འཕྲུལ་འཁོར། 收录机 སྒྲ་སྡུད་ཕབ་འཕྲུལ་འཁོར།电视机བརྙན་འཕྲིན།电冰箱འཁྱག་སྒམ། 洗衣机གོས་འཁྲུད་འཕྲུལ་འཁོར། ཞེས་རྒྱ་སྐད་ལ་ཁུངས་བཅོལ་ཞིང་རྒྱུ་མཚན་དང་བཅས་ཏེ་མིང་བཏགས་ཡོད་ཀྱང་སྤྱི་ཚོགས་ཐོག་བེད་སྤྱོད་གཏོང་མཁན་ཧ་ལམ་མེད་པ་ཞིག་རེད། གང་ཞེ་ན། མང་ཚོགས་ཀྱིས་བློར་འཛིན་དཀའ་ཞིང་བརྗོད་མི་བདེ་བའི་རྐྱེན་གྱིས་རེད། དེས་ན་དེང་དུས་མིང་གསར་པའི་ཚིག་མཛོད་གསར་སྒྲིག་བྱེད་མཁན་རྣམས་ཀྱིས་མཁས་ཉམས་ཁོ་ནས་རྒྱ་སྐད་ཀྱི་འབྲུ་དོན་རྗེས་སུ་འབྲངས་ཏེ་ཚིག་མཛོད་བཟོས་ཀྱང་བོད་ཀྱི་སྐད་ཡིག་ལ་ཕན་ཐོག་དཀའ་བར་སེམས་པས་དེ་ལུགས་ཐུགས་འཇོགས་གནང་འོས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1