ཉེ་ཆར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱིས་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་ཇུས་འགོད་བྱས་པའི་རྗེ་བཙུན་དམུ་དགེ་བསམ་གཏན་རྒྱ་མཚོ་དཔལ་བཟང་བོའི་གསུང་འབུམ་གཅེས་སྒྱུར་མ་དེབ་གསུམ་གྱི་བདག་ཉིད་ཅན་ཞིག་དཔེ་སྐྲུན་འགྲེམ་སྤེལ་བྱས་ཡོད་ལ། དེ་དག་ནི་《བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་།》དང་《བོད་དུ་རིག་གནས་དར་ཚུལ་མདོར་བསྡུས་བཤད་པ།》《རང་གི་བྱུང་བ་བརྗོད་པ་རང་གསལ་ཨཱ་དར་ཤ》བཅས་ཡིན། དེ་ཡང་དེབ་འདི་དག་རྒྱ་འགྱུར་གནང་མཁན་ནི། བཙན་ལྷ་ངག་དབང་ཚུལ་ཁྲིམས་དང་། ཧྲི་ཝན་ཀྲི། སྒྲོལ་དཀར་སྐྱིད་བཅས་ཀྱིས་དེབ་དང་པོ་དང་། བཀྲ་ཤིས་ནོར་བུ་དང་འོད་ཟེར་འཚོ་གཉིས་ཀྱིས་དེབ་གཉིས་པ། ངང་ཚང་འབུམ་སྐྱབས་དང་ཡེ་ཤེས་ཚེ་རིང་གཉིས་ཀྱིས་དེབ་གསུམ་པ་བཅས་བསྒྱུར་བ་རེད། རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ་གཅེས་སྒྱུར་མ་དེབ་གསུམ་པོ་འདི་ཉིད་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་བློ་ལྡན་དོན་གཉེར་ཅན་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དུ་ཕུལ་ཡོད་པ་ལགས།།