སི་ཁྲོན་གྱི་ད་ལོའི་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཚད་གཞི་སྒོར་ཐོན་འདུག
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-04
ཉེ་ལམ། རང་ཞིང་གིས《2017ལོའི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཡུལ་ཤོག་སྡོད་དམངས་ཀྱི་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཚད་གཞིའི་སྐོར་གྱི་བརྡ་སྦྱོར།》པར་འགྲེམ་བྱས། ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། 2017ལོའི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཡུལ་ཤོག་སྡོད་དམངས་ཀྱི་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཚད་གཞི་གཏན་འཁེལ་བྱས་པ་འདི་ལྟར་ཏེ། གྲོང་ཁྱེར་གྱི་སྡོད་དམངས་ལ་ཟླ་རེར་སྒོར་460ཡིན། 2016ལོ་དང་བསྡུར་ན་ཟླ་རེར་སྒོར་40ཡི་ཇེ་མཐོར་ཕྱིན་པ་རེད། འཕར་ཚད་ནི་9.5%ཡིན། ཞིང་གྲོང་སྡོད་དམངས་ལ་ཟླ་རེར་སྒོར་275ཡིན། 2016ལོ་དང་བསྡུར་ན་ཟླ་རེར་སྒོར་35ཇེ་མཐོར་ཕྱིན་པ་རེད། འཕེལ་ཚད་14.6%ཡིན། ཚད་གཞི་གསར་པ་འདི་2017ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་ལག་བསྟར་བྱས་པ་རེད།
བརྡ་སྦྱོར་ལས་གྲོང་ཁྱེར(ཁུལ)སོ་སོའི་སྲིད་གཞུང་གིས་ཚད་གཞི་ལྟར་ད་ལོའི་ས་གནས་སོ་སོའི་གྲོང་ཁྱེར་དང་ཡུལ་ཤོག་སྡོད་དམངས་ཀྱི་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཚད་གཞི་སྙོམ་སྒྲིག་བྱ་དགོས་པའི་བླང་བྱ་བཏོན།