སྤྱི་ཟླ་5པའི་ཚེས་10ཉིན། མོའོ་རྫོང་ཡ་ཏོའོ་གྲོང་རྡལ་ཏ་ཀྲེད་སྡེ་བས་ཆུ་ལྷར་མཆོད་པའི་དམངས་ཁྲོད་བྱེད་སྒོ་སྤེལ་ནས་ཆར་ཆུ་དུས་ལྟར་འབབ་པ་དང་ཞིང་ལ་ལོ་ལེགས་སྨིན་པ། མི་ལ་ན་ཚ་མེད་པའི་སྐྱབས་གསོལ་སྨོན་འདུན་ཞུས། ཆུ་ལྷའི་དུས་ཆེན་ནི་ལོ་རེའི་ལུགས་རྙིང་གི་ཟླ་4པའི་ཚེས་15ཉིན་ཏ་ཀྲེད་སྡེ་བའི་མི་རྣམས་ཀྱིས་ཆུ་ལྷར་དྲིན་གཟོ་སླད་སྤེལ་བའི་ཆའང་རིགས་ཀྱི་དམངས་སྲོལ་དུས་ཆེན་ཞིག་ཡིན། དུས་ཆེན་གྱི་ཉིན་དེར་སྡེ་མི་རྣམས་ལྷན་དུ་འདུས་ནས་ལྷ་ལ་མཆོད་འབུལ་བྱས་ནས་བགེགས་བར་ཆད་སེལ་བར་གསོལ་བཏབ་བྱེད་ཅིང་། མཆོད་འབུལ་མཇུག་སྒྲིལ་རྗེས་སྡེ་མི་རྣམས་ཀྱིས་ས་གནས་རང་གི་ཁྱད་ཆོས་ལྡན་པའི་གླུ་གར་དང་དམངས་ཁྲོད་བྱ་འགུལ་ལ་ཞུགས་ནས་སྤྲོ་སྐྱིད་ཀྱི་དཔལ་ལ་རོལ་བ་རེད།།
སྡེ་མིས་ཆུ་ལེན་བཞིན་པ།
སྡེ་མིས་ཆུ་ལེན་བཞིན་པ།
མཆོད་འབུལ་ལ་ཡོང་བའི་སྡེ་མི།
སྡེ་མིས་ཆུ་ལྷར་མཆོད་འབུལ་བྱེད་བཞིན་པ།
ཆུ་ལྷར་མཆོད་འབུལ་བྱེད་བཞིན་པ།
མཆོད་འབུལ་བྱས་ནས་ཕྱིར་ལོག་མཁན་དག་ལ་ཆང་འདྲེན་བཞིན་པ།
གསོལ་སྟོན།
བྲོ་འཁྲབ་བཞིན་པ།
དམངས་ཁྲོད་བྱ་འགུལ།