2017ལོའི་བོད་ལྗོངས་ཀྱི་བྲག་འཛེགས་འགྲན་བསྡུར་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་འཕྲིན་དྲ། སྤེལ་དུས། 05-23


        སྤྱི་ཟླ་5ཚེས་20ཉིན།  བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུད་ཀྱིས་གཙོ་གཉེར་བྱས་པའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མང་ཚོགས་བྲག་འཛེགས་འགྲན་བསྡུར་གྱི་ཐོབ་ཐང་འགྲན་བསྡུར་དང་།  སྤྱི་ལོ2017ལོའི་བོད་ཀྱི་བྲག་འཛེགས་པ་རྩེ་གྲའི་འགྲན་བསྡུར་བོད་ལྗོངས་རི་འཛེགས་ཕྱོགས་བསྡུས་སྦྱོང་བརྡར་ལྟེ་གནས་སུ་བྱེད་འགོ་ཚུགས་པ་དང་།  བོད་ལྗོངས་སློབ་ཆེན་དང་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་།  རང་སྐྱོང་ལྗོངས་མཐའ་སྲུང་སྤྱི་ཁྱབ་རུ་ཁག་མྱུལ་ཞིབ་ཡན་ལག་རུ་ཁག བྲག་འཛེགས་བརྩི་དད་པ།  རང་སྐྱོང་ལྗོངས་རི་འཛེགས་རུ་ཁག་སོགས་འཐུས་མི་ཚོགས་པ12ཀྱི་མི 57འགྲན་བསྡུར་ནང་ཞུགས་ཡོད།  

        ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ་2006ལོར་བོད་ལྗོངས་བྲག་འཛེགས་རུ་ཁག་བཙུགས་པ་ནས་ད་བར་བོད་ལྗོངས་བྲག་འཛེགས་རུ་ཁག་ལ་རྒྱལ་སྤྱི་དང་རྒྱལ་ནང་གི་གལ་ཆེའི་བྲག་འཛེགས་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་72 དང་།  དངུལ་གྱི་རྟགས་མ་65 ཟངས་ཀྱི་རྟགས་མ་73 བཅས་ཐོབ་ཡོད།  ད་ཆ་བྲག་འཛེགས་ལུས་རྩལ་འདི་ཉིད་རང་ལྗོངས་ཀྱི་ལེགས་ཆའི་ལུས་རྩལ་རྣམ་གྲངས་གྲས་སུ་གྱུར་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1