འཛམ་གླིང་ས་གནས་ཁག་ནས་ཕེབས་པའི་ཡུལ་སྐོར་བ་དང་རི་འཛེག་མཁན་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས་ཇོ་མོ་གླང་མར་ཡུལ་སྐོར་ལྗོངས་རྒྱུར་བསྐྱོད་པ་རིམ་གྱིས་ས་གནས་དེ་གའི་གཙོ་རྟེན་ཐོན་ལས་སུ་གྱུར་པ་དང་། ཞིང་འབྲོག་མང་ཚོགས་ཉིན་རེ་ལས་ཉིན་རེར་མང་བས"ཡུལ་སྐོར་ལྗོངས་རྒྱུའི་ཟ་མ"ཟ་མཁན་དུ་འགྱུར་བཞིན་ཡོད། མིག་སྔར། ལོ་རེའི་ཟླ་བ་3པ་ནས་ཟླ་བ་11པའི་བར། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5200ཡོད་པའི་ཇོ་མོ་གླང་མའི་རི་འཛེགས་སྒར་ས་ཆེན་པོ་ནི་དུས་ཚིགས་རང་བཞིན་ལྡན་པའི་ཚོང་ལས་ལྟེ་གནས་ཤིག་དུ་གྱུར་པ་དང་། ཇོ་མོ་གླང་མའི་འདབས་ཀྱི་བཀྲ་ཤིས་འཛོམས་ཤང་གི་ཞིང་འབྲོག་མང་ཚོགས་ཀྱིས་འདི་རུ་རས་གུར་ཕུབ་ནས། མགྲོན་ཁང་དང་། ཟ་ཁང་། ཇ་ཁང་། དྲན་རྟེན་དངོས་རྫས་ཚོང་ཁང་ཆུང་བ་བཅས་ལས་གཉེར་བྱེད་བཞིན་ཡོད་པ་དང་། ཐོག་མར་ཁྱིམ་ཚང་གཉིས་གསུམ་ཙམ་ནས་ད་ལྟ་རས་གུར་50ལྷག་ཏུ་འཕར་ནས་ས་གནས་དེ་གའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཐོན་ལས་གཙོ་བོར་གྱུར་པ་རེད།།