༄༅།། འགྲིམ་འགྲུལ་བྱུར་རྐྱེན་གྱི་ནང་འགྲིག་སྐོར།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-31
ནང་འགྲིག་བྱེད་མི་རུང་བའི་འགྲིམ་འགྲུལ་བྱུར་རྐྱེན་ཁག་དྲུག
1、ཨང་རྟཊ་མེད་པ་དང་།ལོ་བཤེར་མཚོན་རྟཊ་མེད་པ། འགན་བཅོལ་མཚོན་རྟཊ་མེད་པ་བཅས་དང་།
2、ཁ་ལོ་བ་ལ་འཕྲུལ་སྒུལ་ཁ་ལོའི་ལག་ཁྱེར་ཡོད་ཀྱང་ནུས་མེད་ཡིན་རིགས།
3、ཆང་རག་བཏུང་བ་དང་། དུག་འཐེན་པ། རྒྱལ་གཞུང་ནས་དོ་དམ་བྱས་པའི་སྨན་རྫས་ཟོས་པའི་རིགས།
4、བྱུར་རྐྱེན་གྱི་དོན་དངོས་ལ་རྩོད་གླེང་ཡོད་རིགས།
“ནང་འགྲིག་”གི་སྔོན་འགྲོ་ནི་ཕྱོགས་གཉིས་ཀས་སོ་སོའི་འགན་འཁྲི་ཁས་ལེན་བྱས་ཏེ་གུན་གསབ་ཐད་མཉམ་དུ་གྲོས་མཐུན་བཞག་པ་དེ་ཡིན། གལ་སྲིད་ཕྱོགས་གཉིས་ཀྱིས་འགྲིམ་འགྲུལ་བྱུར་རྐྱེན་གྱི་དོན་དངོས་ལ་རྩོད་གླེང་ཡོད་པ་དང་། བྱུར་རྐྱེན་གྱི་འགན་འཁྲི་ཆེ་ཆུང་ཁ་གསལ་མེད་ཚེ། གྱོད་དོན་སྙན་སེང་ཕུལ་ནས་ཉེན་རྟོག་པས་ས་ཆ་དངོས་སུ་བརྟག་ཞིབ་བྱས་རྗེས་འགན་འཁྲི་གཏན་འཁེལ་བྱེད་པ་ལས་འོས་མེད།
5、མི་བསད་རྨས་བཟོས་རིགས།
6、ཨར་སྐྲུན་དངོས་པོའམ་སྤྱི་པའི་སྒྲིག་ཆས་ལ་རྡུང་ཁ་ཐུག་རིགས།
གལ་ཏེ་བྱུར་རྐྱེན་ཐོན་རྗེས་ཕར་ཕྱོགས་དང་ནང་འགྲིག་བྱས་ཚེ། རྗེས་སུ་ལབ་གླེང་ཉེན་ཁ་མི་ཡོང་བའི་ཆེད་དུ་ང་ཚོས་ནང་འགྲིག་གི་འགྲོ་ལུགས་ཡང་དག་པ་བརྒྱུད་དགོས། དེའང་རང་འགུལ་གྱི་སྒོ་ནས་འགྲིམ་འགྲུལ་བྱུར་རྐྱེན་ཐོན་པའི་དུས་ཚོད་དང་། ས་ཆ། ཕར་ཕྱོགས་མིའི་མིང་དང་ཁ་པར་ཨང་གྲངས། རླངས་འཁོར་ཨང་རྟགས། ཁ་ལོ་བའི་ལག་ཁྱེར་ཨང་གྲངས། འགན་བཅོལ་ཨང་གྲངས། ཆག་གྲུམ་ཤོར་བའི་ཆ་ཤས་སོགས་ཟིན་ཐོ་འགོད་དགོས་པ་མ་ཟད། མཉམ་དུ་མིང་རྟགས་བཀོད་དེ་ཁྲིམས་ནུས་འགན་སྲུང་བྱེད་དགོས།
ནང་འགྲིག་བྱུང་རྗེས་ཡང་བསྐྱར་སྤྱི་བདེ་ལས་ཁུངས་ལ་ཐག་གཅོད་ཞུས་རིགས། སྤྱི་བདེ་ལས་ཁུངས་ཀྱིས་དོ་བདག་ལ་སྐྱོན་བརྗོད་སློབ་གསོ་བརྒྱབ་མཚམས། གྱོད་དོན་བདག་སྤྲོད་བྱས་ཏེ་ཐག་གཅོད་བྱེད་དགོས། སྤྱི་བདེ་ལས་ཁུངས་ཀྱིས་དོ་བདག་ནས་མཁོ་འདོན་བྱས་པའི་ཁུངས་སྣེ་གཞིར་བཟུང་ནས་དཔང་རྟགས་འཚོལ་བསྡུ་བྱས་ཏེ་བྱུར་རྐྱེན་གྱི་འགན་འཁྲི་ལྕོགས་ཚོད་དུ་འཆུག་མེད་གཏན་འཁེལ་བྱེད་དགོས། འོན་ཀྱང་དོན་རྐྱེན་ལྷག་ས་བསྐྱར་གསོ་མི་ནུས་ཕྱིར་འགྲིམ་འགྲུལ་བྱུར་རྐྱེན་གྱི་འགན་འཁྲི་ངོས་བཟུང་བྱ་ཐབས་བྲལ་སྐབས།《གཞུང་ལམ་འགྲིམ་འགྲུལ་གྱི་བྱུར་རྐྱེན་ཐག་གཅོད་བྱེད་ཐབས》ཀྱི་དོན་ཚན་ཉེར་གཅིག་པའི་གཏན་འབེབས་ལྟར་དོ་བདག་གི་འགྲིམ་འགྲུལ་བྱུར་རྐྱེན་འགན་འཁྲི་རིགས་འདེད་བྱ་རྒྱུ་སྟེ། དོ་བདག་ཕྱོགས་གཅིག་ལ་ཉེན་དོན་སྙན་སེང་ཞུ་བའི་ཆ་རྐྱེན་ཡོད་བཞིན་དུ་སྙན་ཞུ་མ་བྱས་པའམ་ཡང་ན་དུས་ཐོག་ཏུ་སྙན་ཞུ་མ་བྱས་ཏེ་འགྲིམ་འགྲུལ་བྱུར་རྐྱེན་ངོས་འཛིན་བྱེད་ཐབས་མེད་པ་གྱུར་རིགས། འགན་འཁྲི་ཆ་ཚང་འཁུར་དགོས། དོ་བདག་ཕྱོགས་གཉིས་ཀར་ཉེན་དོན་སྙན་སེང་ཞུ་བའི་ཆ་རྐྱེན་ཡོད་བཞིན་དུ་སྙན་ཞུ་མ་བྱས་པའམ་ཡང་ན་དུས་ཐོག་ཏུ་སྙན་ཞུ་མ་བྱས་ཏེ་འགྲིམ་འགྲུལ་བྱུར་རྐྱེན་ངོས་འཛིན་བྱེད་ཐབས་མེད་པ་གྱུར་རིགས། འགན་འཁྲི་འདྲ་མཚུངས་འཁུར་དགོས། འཕྲུལ་སྒུལ་འཁོར་རིཊ་དང་འཕྲུལ་སྒུལ་མ་ཡིན་པའི་འཁོར་རིཏ་སམ་རྐང་ཐང་འགྲུལ་པའི་དབར་འགྲིམ་འགྲུལ་བྱུར་རྐྱེན་ཐོན་རིགས། འཕྲུལ་སྒུལ་འཁོར་རིགས་ཕྱོགས་དེས་འགན་འཁྲི་གཙོ་བོ་འཁུར་རྒྱུ་དང་། འཕྲུལ་སྒུལ་མ་ཡིན་པའི་འཁོར་རིགས་དང་རྐང་ཐང་འགྲུལ་པ་ཕྱོགས་ཀྱིས་འགན་འཁྲི་ཕལ་པ་འཁུར་རྒྱུ་བཅས་ཡིན།
འགྲིམ་འགྲུལ་བྱུར་རྐྱེན་ནང་འགྲིག་བྱེད་པའི་གོ་རིམ།
དོ་བདག་གིས་གྲོས་མོལ་བྱས་ཏེ་རང་འཚམ་ངང་འགྲིམ་འགྲུལ་བྱུར་རྐྱེན་ཐག་གཅོད་བྱེད་སྐབས་གཤམ་གསལ་གྱི་གོམ་རིམ་ལྟར་ཐག་གཅོད་བྱེད་དགོས།
1、རྒྱུ་ནོར་གྱོང་གུན་གྱི་གནས་ཚུལ་རྟོག་ཞིབ་བྱེད་པ།
2、འགྲིམ་འགྲུལ་བྱུར་རྐྱེན་གྱི་དོན་དངོས་དང་རྒྱུ་རྐྱེན་གྲོས་མོལ་བྱས་ཤིང་། བྱུར་རྐྱེན་དོན་དངོས་ཀྱི་གྲོས་མཐུན་ཡི་གེར་མིང་རྟགས་འགོད་དགོས།
3、དཔར་རྒྱག་པའམ་དཔེ་རིས་བྲིས་རྗེས་ད་གཟོད་བྱུར་རྐྱེན་ལྷག་ས་ནས་ཁ་བྲལ་བ།
4、འགན་བཅོལ་གྱོད་དོན་སྙན་སེང་འབུལ་བ་དང་།
གུན་གསབ་དོན་དག་གྲོས་མོལ་བྱེད་པ། གུན་གསབ་གྲོས་མཐུན་ཡི་གེ་འཇོག་པ། ནང་འགྲིག་བརྒྱུད་རིམ་ཁྲོད་གཟབ་ནན་བྱེད་དགོས་པའི་དོན་དག
1、བདེ་འཇགས་འགན་སྲུང་ཐུབ་པའི་གནས་ཚུལ་གྱི་འོག་ཏུ་དོན་དངོས་གནས་ཚུལ་གསལ་ཁ་ཐོན་པའི་དཔར་བརྒྱབ་ཏེ་དཔང་རྟགས་ལོན་ཐབས་བྱེད་དགོས།
2、གལ་ཏེ་མི་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་ཚེ་ངེས་པར་དུ་དུས་ཐོག་སྨན་ཁང་ལ་སྐྱེལ་དགོས་པ་ལས་བྱུར་རྐྱེན་ཐོན་སར་ནང་འགྲིག་འབྱུང་མིན་དང་ཇི་ལྟར་ནང་འགྲིག་བྱ་ཚུལ་བཅས་གླེང་ནས་སྡོད་མི་རུང་།
3、བརྟག་དཔྱད་བྱས་འབྲས་ལ་གཞིགས་ནས་ནང་འགྲིག་བྱེད་མིན་གཏན་འཁེལ་བྱེད་དགོས། གལ་ཏེ་རྨས་སྐྱོན་ཅུང་ཚབས་ཆེ་ཙམ་བཟོས་ཡོད་ཚེ། ནང་འགྲིག་མ་བྱས་པར་དུས་ཐོག་ཏུ་གྱོད་དོན་སྙན་སེང་ཞུ་དགོས།
4、རྨས་ཚབས་ཅུང་ཆུང་ཞིང་ནང་འགྲིག་གྲོས་མཐུན་བྱུང་ཚེ་ཕྱོགས་གཉིས་ཀས་《འགྲིམ་འགྲུལ་བྱུར་རྐྱེན་ནང་འགྲིག་གི་གྲོས་མཐུན་ཡི་གེ》བྲིས་ནས་མིང་རྟགས་འགོད་དགོས། དེའི་ནང་དུ་དོ་བདག་གི་ཆ་འཕྲིན་དང་། བྱུར་རྐྱེན་བྱུང་རིམ། ཐག་གཅོད་བྱ་ཐབས། བརྟག་དཔྱད་མཐའ་འབྲས། གུན་གསབ་དངུལ་གྲངས་སོགས་ཚུད་དགོས་ལ། དེར་མིང་དང་མཛུབ་ཐེལ་སྣོན་ཞིང་མ་དཔེ་འདྲ་གཉིས་བཟོས་ནས་སོ་སོས་འདྲ་རེ་ཉར་དགོས།
ནང་འགྲིག་བྱས་པར་འཕྲད་སྲིད་པའི་ཉེན་ཁ།
1、《འགྲིམ་འགྲུལ་བྱུར་རྐྱེན་ནང་འགྲིག་གི་གྲོས་མཐུན་ཡི་གེར》ཁྲིམས་ནུས་ངེས་ཅན་ལྡན་ཡོད་པས་མིང་རྟགས་བཀོད་རྗེས་རྙོག་འཛིང་ཁ་ཤས་སེལ་ཐུབ་ཀྱི་ཡོད། དཔེར་ན་ཕྱོགས་གཅིག་གིས་བྱུར་རྐྱེན་བཟོས་ནས་བྲོས་བྱོལ་ཕྱིན་པའི་ཞུ་གཏུག་བྱས་ཚེ། གྲོས་མཐུན་ཡི་གེ་དེས་དཔང་རྟགས་ཀྱི་ནུས་པ་འཐོན་གྱི་ཡོད།
2、འོན་ཀྱང་ནང་འགྲིག་བྱས་ཟིན་རྗེས་གལ་ཏེ་རྨས་ཚབས་ཅུང་ཆེ་ཙམ་ཡིན་པ་ཤེས་རྟོགས་བྱུང་ཞིང་སྔོན་དཔག་ནོར་འཛོལ་ཚབས་ཆེན་ཡོད་རིགས། ནང་འགྲིག་ཕྱིར་འཐེན་གྱི་སྙན་ཞུ་འབུལ་ཆོག
3、《འགྲིམ་འགྲུལ་བྱུར་རྐྱེན་ནང་འགྲིག་གི་གྲོས་མཐུན་ཡི་གེ》ཕྱིར་འཐེན་ལེགས་གྲུབ་བྱུང་མཚམས། སྔར་ལས་མང་བའི་གུན་གསབ་འབྱུང་ངེས་ཡིན།
4、སྤྱིར་བཏང་གི་འགན་བཅོལ་ཀུང་སི་ཚང་མས་བྱུར་རྐྱེན་ཐོན་པའི་ཆུ་ཚོད་༤༨རིང་གྱོད་དོན་སྙན་སེང་མ་བྱུང་ཚེ་གྱོད་དོན་བདག་སྤྲོད་མི་བྱེད་པའི་གཏན་འབེབས་བཟོས་ཡོད། ཡང་གཅིག་བཤད་ན། གལ་ཏེ་འགན་བཅོལ་ཀུང་སི་ལ་དུས་ཐོག་སྙན་ཞུ་མ་བྱས་པར་རང་འཚམ་གྱིས་ནང་འགྲིག་བྱས་ཚེ། རྗེས་མཐུད་ཀྱི་གུན་གསབ་ནི་རང་ཉིད་ཀྱི་འབའ་ཁུག་ལས་འདོན་དགོས་པ་ཡིན།
ནང་འགྲིག་བྱེད་རུང་བའི་གནས་ཚུལ།
1、སྲིད་འཛིན་མངའ་ཁོངས་ནང་ཁུལ་གྱི་ལམ་ཐོག་ཏུ་བྱུར་རྐྱེན་འཐོན་ཡང་མི་ལ་རྨས་སྐྱོན་བཟོས་མེད་ཅིང་། དོ་བདག་གིས་འགྲིམ་འགྲུལ་བྱུར་རྐྱེན་གྱི་དོན་དངོས་དང་འབྱུང་རྐྱེན་ལ་རྩོད་གཞི་མེད་པ་མ་ཟད། རླངས་འཁོར་བགྲོད་གཏོང་བྱེད་དུ་ཡོད་རིགས། བྱུར་རྐྱེན་བྱུང་ས་ནས་མྱུར་དུ་ཁ་བྲལ་ནས་འགྲིམ་འགྲུལ་སླར་གསོ་དང་གནོད་སྐྱོན་གུན་གསབ་ཀྱི་དོན་དག་སོ་སོས་གྲོས་མོལ་ཐག་གཅོད་བྱེད་ཆོག
2、སྲིད་འཛིན་མངའ་ཁོངས་ནང་ཁུལ་གྱི་ལམ་ཐོག་ཏུ་བྱུར་རྐྱེན་ཐོན་ཞིང་རྨས་སྐྱོན་ཕོག་མཁན་གྱིས་རང་ཉིད་ཀྱི་རྨས་ཚབས་ཆུང་ཆུང་ཡིན་པར་ངོས་འཛིན་བྱས་ཁར་དོ་བདག་གིས་འགྲིམ་འགྲུལ་བྱུར་རྐྱེན་གྱི་དོན་དངོས་དང་འབྱུང་རྐྱེན་ལ་རྩོད་གཞི་མེད་པ་མ་ཟད།རླངས་འཁོར་བགྲོད་གཏོང་བྱེད་དུ་ཡོད་རིགས། བྱུར་རྐྱེན་ལྷག་ས་ནས་མྱུར་དུ་ཁ་བྲལ་ནས་འགྲིམ་འགྲུལ་སླར་གསོ་དང་གནོད་སྐྱོན་གུན་གསབ་ཀྱི་དོན་དག་སོ་སོས་གྲོས་མོལ་ཐག་གཅོད་བྱེད་ཆོག
3、དོ་བདག་ཕྱོགས་གཉིས་ཀར《འགྲིམ་འགྲུལ་བྱུར་རྐྱེན་གྱི་སྟབས་བདེའི་གོ་རིམ་ལྟར་ཐག་གཅོད་འཐུས་པའི་གཏན་འབེབས》ནང་དཔེ་མཚོན་བཀོད་པའི་ནོར་འཛོལ་དབང་གིས་འགྲིམ་འགྲུལ་བྱུར་རྐྱེན་ལྷག་མེད་རིགས། གནོད་སྐྱོན་གུན་གསབ་ཀྱི་དོན་དག་སོ་སོས་གྲོས་མོལ་ཐག་གཅོད་བྱེད་ཆོག
(ལྷ་མོའི་ཁྲིམས་བཤད་ཅེས་པའི་འཕྲིན་སྟེགས་ལས་བཤུས།)
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1