༄༅།། ལྷ་གྲུ་ཨང་བཅུ་པའི་སྐོར་གྱི་ཤེས་བྱ།

སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-31



● ལྷ་གྲུ་ཨང་བཅུ་པ་དེ་ཅིའུ་ཆོན་འཁོར་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱས།

མཐོ་ཚད། སྨི53

ལྗིད་ཚད། ཧ་ལམ་ཏུན8
སྐེད་འཁོར། ཆེས་ཆེའི་ཚངས་ཐིག་སྨི2.9
གྲུབ་ཆ། སྐུལ་འདེད་གྲུ་ཤག
ལྡོག་འཇུག་གྲུ་ཤག
རྒྱུ་ལམ་གྲུ་ཤག
   འཕེན་གཏོང་དུས་ཚོད། 2013ལོའི་ཟླ་བ6པའི་ཚེས11ཉིན་གྱི་ཆུ་ཚོད17དང་སྐར་མ38ཐོག
   འཕུར་སྐྱོད་མྱུར་ཚད། ཧ་ལམ་སྐར་ཆ་རེ་ལ་སྤྱི་ལེ7.9དང་། ཆུ་ཚོད་རེར་སྤྱི་ལེ་ཁྲི2.8འཕུར་སྐྱོད་བྱེད་ཅིང་སྐར་མ90རེ་ལ་སའི་གོ་ལ་ཐེངས་གཅིག་བསྐོར།
   འཕུར་སྐྱོད་དུས་ཚོད། འཁོར་ལམ་དུ་ཉིན15
   འཕུར་བ་དང་། དེའི་ནང་དུ་ཉིན12ནམ་མཁའི་ཕོ་བྲང་ཨང་དང་པོ་དང་ཚན་སྡེབ་གཟུགས་གྲུབ་པར་བྱས་ནས་འཕུར་སྐྱོད་བྱས།
   ཕྱིར་ལོག་པའི་དུས་ཚོད། ཟླ་6པའི་ཚེས་26ཉིན་གྱི་སྔ་དྲོ་དུས་ཚོད་9དང་སྐར་མ་41སྟེང་། ནང་སོག་དཀྱིལ་རྒྱུད་ཀྱི་རྩྭ་ཐང་སྟེང་གི་འབབ་གནས་སུ་བདེ་བླག་ངང་ཕྱིར་ལོག
   མཁའ་སྐྱོད་པ། ནེ་ཧའེ་ཧྲན། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་མཁའ་སྐྱོད་པའི་རུ་ཁག་གི་ཆེས་མཐོའི་མཁའ་སྐྱོད་པ་ཡིན་ཞིང་དམག་མིའི་གོ་རྟགས་ཧྲའོ་ཅང་ཡིན། 2005ལོའི་ཟླ་བ6པར། ལྷ་གྲུ་ཨང་དྲུག་པའི་འཕུར་གྲུ་མི་སྡོད་འཕུར་སྐྱོད་འགྲུལ་ཁག་གི་འགན་སྒྲུབ་ལྟར་ཁག་བགོས་པའི་གྲུབ་མིར་བདམས་པ་རེད། 2005ལོའི་ཟླ་བ10པའི་ཚེས12ཉིན། གནམ་རིམ་པ་དགུའི་དབྱིངས་ནས་ཟླ་བ་བླངས་པའི་ཕུགས་འདུན་མངོན་དུ་གྱུར།
   ཀྲང་ཞའོ་ཀོང་། 1998ལོར་བདམས་པའི་ཚན་པ་དང་པོའི་མཁའ་སྐྱོད་པ14ཡི་གྲས་ཡིན་ལ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཁའ་དམག་གི་ཏ་ཞའོ་ཡི་གོ་རྟགས་ཐོབ་ཡོད། ཁོང་ནི་འཐབ་འཛིང་གནམ་གྲུའི་འཕུར་སྐྱོད་པ་བྱས་མྱོང་ཞིང་མཁའ་དམག་རུ་འབྲིང་གི་བཀོད་འདོམས་པའི་འགན་བཞེས་པ་དང། 2004ལོའི་དུས་སུ་ཆུ་ཚོད1000ལྷག་གི་འཕུར་སྐྱོད་ཉམས་མྱོང་ཡོད་པ་རེད།
   ཝང་ཡ་ཕིང་།(མོ)ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཁའ་སྐྱོད་པའི་རུ་ཁག་གི་རིམ་པ་བཞི་པའི་མཁའ་སྐྱོད་པ་ཡིན་ཞིང་ཧྲའོ་ཅང་གི་གོ་རྟགས་ཡིན། ཉེན་མེད་འཕུར་སྐྱོད་ཆུ་ཚོད1600བྱས་ཤིང་མཁའ་དམག་གི་རིམ་པ་གཉིས་པའི་འཕུར་སྐྱོད་པ་བསྐོས་པ་དང་། ཀྲུང་གོའི་80ལོའི་རྗེས་སུ་སྐྱེས་པའི་བུད་མེད་མཁའ་སྐྱོད་པ་ཨང་དང་པོ་ཡིན།
   དུས་རིམ་ལས་འགན། མིི་སྡོད་མཁའ་སྐྱོད་ལས་གྲྭའི་གོམ་པ་དང་པོའི་དུས་རིམ་དང་པོར་འཕྲད་སྦྱོར་སྦྲེལ་མཐུད་ཀྱི་ལས་འགན་ལེགས་འགྲུབ་བྱས་ཤིང་མི་ཞུགས་འཕུར་གྲུ་གནམ་སའི་བར་དུ་འགྲོ་ལྡོག་བྱེད་པའི་སྐྱེལ་འདྲེན་མ་ལག་གི་བཟོ་དབྱིབས་གཏན་འཁེལ་བྱེད་པའི་དུས་རིམ་ཡིན།
   ཚོད་ལྟའི་ལས་འགན། རང་འགུལ་དང་མིས་སྒུལ་གྱིས་འཕྲད་སྦྱོར་སྦྲེལ་མཐུད་བྱས་པ་དང་ཚན་སྡེབ་གཟུགས་འཕུར་སྐྱོད། སྐོར་འཕུར་བཅས་བྱས།

● ལྷ་གྲུ་ཨང་བཅུ་པ་དང་དམིགས་གཏད་འཕུར་སྐྱོད་ཡོ་བྱད་ནམ་མཁའི་ཕོ་བྲང་ཨང་དང་པོ་གཉིས་རང་འགུལ་འཕྲོད་སྦྱོར་སྦྲེལ་མཐུད་ལེགས་འགྲུབ་བྱུང་བ།

   ལྷ་གྲུ་ཨང་བཅུ་པའི་ཁྱད་ཆོས། ཀྲུང་གོའི་མི་ཞུགས་མཁའ་སྐྱོད་ལས་གྲྭའི་སྤྱི་ཁྱབ་ཇུས་འགོད་པ་ཀྲོའུ་ཅན་ཕིང་གིས་ངོ་སྤྲོད་བྱས་པ་ལྟར་ན། ལྷ་གྲུ་ཨང་དགུ་པས་གཙོ་བོར་མི་སྡོད་མཁའ་དབྱིངས་འཕྲད་སྦྱོར་སྦྲེལ་མཐུད་ཀྱི་ཚོད་ལྟ་བྱས་ཏེ་མིི་སྡོད་འཕྲད་སྦྱོར་སྦྲེལ་མཐུད་ལག་རྩལ་ཐོད་བརྒལ་ཡོང་བར་མངོན་འགྱུར་བྱ་རྒྱུ་དེ་རེད། ལྷ་གྲུ་ཨང་བཅུ་པས་ད་དུང་མུ་མཐུད་ནས་ནམ་མཁའི་ཕོ་བྲང་ཨང་དང་པོ་དང་རང་འགུལ་དང་མིས་སྒུལ་གྱིས་མཁའ་དབྱིངས་འཕྲད་སྦྱོར་སྦྲེལ་མཐུད་བྱེད་དགོས་པ་རེད་མོད། འོན་ཀྱང་དེའི་གཙོ་གནད་ནི་ལག་རྩལ་འདི་དག་ཚོད་ལྟ་ར་སྤྲོད་དང་བེད་སྤྱོད་བྱ་རྒྱུའི་ཐད་བསྒྱུར་བ་ཡིན་ལ། མི་ཞུགས་འཕུར་གྲུ་གནམ་སའི་བར་འགྲོ་ལྡོག་བྱེད་པའི་སྐྱེལ་འདྲེན་མ་ལག་སྔར་ལྷག་གིས་གཟུགས་དབྱིབས་གཏན་འཁེལ་བྱེད་པའི་དུས་རིམ་དང་ཧ་ལམ་འདྲ་ཞིང། འབྱུང་འགྱུར་སྔར་ལྷག་གིས་མཁའ་དབྱིངས་ཚོད་ལྟ་ཁང་ལ་ཞིབ་འཇུག་བྱ་བ་དང་བར་སྣང་མཁའ་ཚུགས་འཛུགས་སྐྲུན་བྱེད་པར་གནམ་སའི་བར་འགྲོ་ལྡོག་བྱེད་པའི་སྐྱེལ་འདྲེན་མ་ལག་གི་རྨང་གཞི་ཞིག་བཏིང་བའི་ཆེད་དུ་རེད། དངོས་ཡོད་ཚོད་ལྟའི་ནང་དོན་ཐད། ལྷ་གྲུ་ཨང་བཅུ་པར་སྐོར་འཕུར་བྱ་རྒྱུ་གསར་སྣོན་བྱེད་ཡོད་ཅིང་། དེ་ཡང་ལྷ་གྲུ་ཨང་བཅུ་པའི་འཕུར་གྲུ་འཆར་གཞི་ལྟར་དམིགས་གཏད་འཕུར་སྐྱོད་ཡོ་བྱད་ནམ་མཁའི་ཕོ་བྲང་ཨང་དང་པོར་བསྐོར་ནས་འཕུར་བ་རེད། ཚོད་ལྟ་འདི་ལེགས་གྲུབ་བྱུང་བར་མཁའ་ཚུགས་འཛུགས་པར་གལ་ཤིན་ཏུ་ཆེ། གང་རེད་ཅེ་ན། མཁའ་ཚུགས་ཀྱི་ཐོག་ལ་མཐུད་སྒོ་མང་པོ་ཡོད་སྲིད་ཅིང་འཕུར་སྐྱོད་ཡོ་བྱད་ཕྱོགས་དུ་མ་ནས་དེ་དང་སྦྲེལ་མཐུད་བྱེད་དགོས་ན་འཕུར་སྐྱོད་ཡོ་བྱད་སྐོར་འཕུར་བྱེད་པར་སྔར་ལྷག་གིས་དཔྱད་ཞིབ་བྱེད་དགོས་ངེས་རེད། ཕྱོགས་བསྡོམས་ན་ལྷ་གྲུ་ཨང་དགུ་པས་རང་རྒྱལ་གྱིས་མི་སྡོད་འཕྲད་སྦྱོར་སྦྲེལ་མཐུད་ལག་རྩལ་ཐོད་བརྒལ་དང་བྱང་ཆུབ་པར་མཚོན་ཐུབ་པའི་རྨང་གཞིའི་ཐོག ལྷ་གྲུ་ཨང་བཅུ་པས་མི་ཞུགས་གནམ་སའི་བར་དུ་འགྲོ་ལྡོག་བྱེད་པའི་སྐྱེལ་འདྲེན་མ་ལག་གི་བེད་སྤྱོད་རང་བཞིན་གྱི་འཕུར་སྐྱོད་ཐེངས་དང་པོ་བྱས། ལྷ་གྲུ་ཨང་བཅུ་པ་འཕེན་གཏོང་བྱས་པ་མ་ཚད་ནམ་མཁའི་ཕོ་བྲང་ཨང་དང་པོ་དང་མཁའ་དབྱིངས་སུ་འཕྲོད་སྦྱོར་སྦྲེལ་མཐུད་སོགས་ཀྱི་ལས་འགན་འགྲུབ་ནས། རང་རྒྱལ་གྱི་མི་སྡོད་མཁའ་སྐྱོད་ཀྱི་གོམ་པ་གཉིས་པའི་དུས་རིམ་དང་པོའི་ལས་འགན་བདེ་བླག་ངང་ལེགས་འགྲུབ་ཡོང་བ་དང། ཁྱོན་ཡོངས་ནས་མཁའ་དབྱིངས་ཀྱི་ཚོད་ལྟ་ཁང་དང་མཁའ་ཚུགས་ཞིབ་འཇུག་དང་གསར་བཟོའི་དུས་རིམ་དུ་ཞུགས་པ་རེད། 

● ཀྲུང་གོའི་མཁའ་སྐྱོད་པ་ཉེ་ཧའེ་ཧྲེང་དང་། ཀྲང་ཞའོ་ཀོང་། ཝང་ཡ་ཕིང་བཅས་ལྷ་གྲུ་ཨང་བཅུ་པའི་འཕུར་གྲུར་བསྡད་ནས་མཁའ་དབྱིངས་སུ་བསྐྱོད་གྲབས་ཡོད་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1