༄༅།། བཟའ་འཐོར་རྗེས་ཀྱི་ཕྲུ་གུའི་འཚོ་སྐྱོང་སྐོར་གྱི་གཏན་འབེབས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-05
བཟའ་འཐོར་ཟིན་མཚམས། མ་འོ་ནུ་བཞིན་པའི་བུ་ཕྲུག་དག་མ་ཕྱོགས་སུ་འཚོ་སྐྱོང་བྱ་རྒྱུ་ནི་རྩ་དོན་ཡིན།
རང་ལོ་ཧྲིལ་པོ་གཉིས་མན་གྱི་བུ་ཕྲུག་ནི་སྤྱིར་བཏང་མ་ཕྱོགས་དང་མཉམ་དུ་འཚོ་བ་སྐྱེལ་དགོས། མ་ཕྱོཊ་ལ་གཤམ་གྱི་གནས་ཚུལ་སྣ་གཅིག་ཡོད་ཚེ་ཕ་ཕྱོགས་དང་འཚོ་བ་མཉམ་སྐྱེལ་བྱེད་ཆོག
(1)ཡུན་རིང་བཅོས་སུ་མེད་པའི་འགོས་ནད་དམ་ཡང་ན་གཞན་གྱི་ནད་གཞི་ཚབས་ཆེན་ཡོད་རིགས། བུ་ཕྲུག་ཚོ་དེ་དང་མཉམ་དུ་འཚོ་བ་སྐྱེལ་མི་འོས།
(2)འཚོ་སྐྱོང་གི་ཆ་རྐྱེན་ཡོད་ཀྱང་འཚོ་སྐྱོང་གི་འོས་འགན་མི་བསྒྲུབ་ཅིང་། ཡང་ཕ་ཕྱོགས་ནས་བུ་ཕྲུག་རང་དང་མཉམ་དུ་འཚོ་བ་སྐྱེལ་དགོས་པའི་རེ་འདུན་ཞུས་རིགས།
(3)རྒྱུ་མཚན་གཞན་གྱི་དབང་གིས་བུ་ཕྲུག་མ་ཕྱོགས་དང་མཉམ་དུ་འཚོ་བ་སྐྱེལ་ཐབས་གཏན་ནས་མེད་རིགས།
ཕྱོགས་གཅིག་གིས་བུ་ཕྲུག་འཚོ་སྐྱོང་གི་དབང་ཆ་བརྗེ་བསྒྱུར་དྱེད་དགོས་པའི་རེ་བ་བཏོན་ཅིང་། གཤམ་གསལ་ཆ་རྐྱེན་སྣ་གཅིག་འཛོམས་རིགས། མི་དམངས་ཁྲིམས་ཁང་ནས་རྒྱབ་སྐྱོར་བྱེད་འོས།
1.བུ་ཕྲུག་དང་འཚོ་བ་མཉམ་སྐྱེལ་བྱེད་བཞིན་ཡོད་པའི་ཕྱོགས་དེར་ནད་གཞི་ཚབས་ཆེན་ཕོག་པའམ་རྨས་སྐྱོན་དབང་གིས་བུ་ཕྲུག་མུ་མཐུད་འཚོ་སྐྱོང་བྱེད་ནུས་བྲལ་རིགས།
2. བུ་ཕྲུག་དང་འཚོ་བ་མཉམ་སྐྱེལ་བྱེད་བཞིན་ཡོད་པའི་ཕྱོགས་དེས་འཚོ་སྐྱོང་གི་འོས་འགན་མི་བསྒྲུབས་པའམ་མནར་གཅོད་ཀྱི་བྱ་སྤྱོད་ཡོད་རིགས་སམ་ཡང་ན་དེ་ཉིད་བུ་ཕྲུག་དང་འཚོ་བ་མཉམ་སྐྱེལ་བྱས་ཚེ་བུ་ཕྲུག་གི་ལུས་སེམས་བདེ་ཐང་ལ་གནོད་པ་ཡོད་རིགས།
3.རང་ལོ་ཧྲིལ་པོ་བཅུ་ལོན་ཀྱང་ནར་མ་སོན་པའི་བུ་ཕྲུག་རང་ཉིད་ཕྱོགས་གཞན་ཞིག་དང་མཉམ་དུ་འཚོ་བ་སྐྱེལ་འདོད་ཡོད་རིགས། རང་ལོ་ཧྲིལ་པོ་བཅུ་ཡན་གྱི་ནར་མ་སོན་པའི་མི་ནི་བྱ་སྤྱོད་སྤེལ་ནུས་ཚོད་བཟུང་ཐེབས་པའི་ཁོངས་སུ་གཏོགས་ལགས་ཀྱང་། དེས་སོ་སོའི་ལོ་ཚོད་དང་མཚུངས་པའི་དམངས་དོན་བྱེད་
སྒོར་ཞུགས་ཆོག་པ་ཡིན།
ཕ་མ་བཟའ་འཐོར་བྱེད་སྐབས་རང་ལོ་ཧྲིལ་པོ་བཅུ་ཡན་གྱི་བུ་ཕྲུག་འཚོ་སྐྱོང་གི་དབང་ཆའི་ཐད། བུ་ཕྲུག་གི་བསམ་འཆར་གསན་འཇོག་གནང་དགོས། ཡང་བཟའ་འཐོར་སྐབས་རང་ལོ་ཧྲིལ་པོ་བཅུ་མ་ཟིན་ཞིང་། ལོ་ཁ་ཤས་སོང་ནས་རང་ལོ་བཅུ་ལྷག་བརྒལ་མཚམས། གལ་སྲིད་བུ་ཕྲུག་གིས་ཕྱོགས་གཞན་ཞིག་དང་མཉམ་དུ་འཚོ་བ་སྐྱེལ་རྒྱུའི་འདོད་ཚུལ་ཁ་གསལ་བཏོན་ཚེ། བཟའ་འཐོར་བུ་ཕྲུག་གི་འཚོ་སྐྱོང་དབང་ཆ་བརྗེ་བསྒྱུར་བྱེད་པའི་རེ་འདུན་ཞུ་ཆོག།
4.དབང་ཆ་བརྗེ་བསྒྱུར་བྱེད་པར་ལུགས་མཐུན་གྱི་རྒྱུ་མཚན་གཞན་དག་ཡོད་རིགས།
གོང་གསལ་གྱི་གཏན་འབེབས་གཞིར་བཟུང་ན། གོང་ཞུས་ཆ་རྐྱེན་ཁག་ལས་དབྱེ་བ་མེད་པར་སྣ་གཅིག་འཛོམས་རིགས། དེ་མུར་མི་དམངས་ཁྲིམས་ཁང་ལ་འཚོ་སྐྱོང་དབང་ཆ་བརྗེ་བསྒྱུར་བྱེད་རྒྱུའི་རེ་འདུན་འདོན་ཆོག་པའོ།
(ལྷ་མོའི་ཁྲིམས་བཤད་ཅེས་པའི་འཕྲིན་སྟེགས་ལས་བཤུས།)
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1