མཚོ་སྔོན་གྱིས་བོད་གདན་གྲོང་ཁྱེར་འཛུགས་སྐྲུན་དང་ཉི་གཞོན་ཁེ་ལས་གསར་སྐྲུན་བྱེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 06-06


        2017ལོའི་ཀྲུང་གོའི་(མཚོ་སྔོན་)རྒྱལ་སྤྱིའི་བོད་གདན་འགྲེམས་སྟོན་ཚོགས་འདུ་ཟླ་6ཚེས་2ཉིན་ནས་ཚེས་6ཉིན་བར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོགས་པ་རེད། སྐབས་འདིའི་བོད་གདན་འགྲེམས་སྟོན་ཚོགས་འདུའི་སྟེང་མཚོ་སྔོན་གྱི་བོད་གདན་གྱིས"བོད་གདན་གྱི་གྲོང་ཁྱེར"ཞེས་པ་བརྗོད་བྱ་གཙོ་བོ་བྱེད་པའི་སྒོ་ནས་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པ་རེད།
        "བོད་གདན་གྱི་གྲོང་ཁྱེར"འཛུགས་སྐྲུན་བྱེད་པའི་ཐད་མཚོ་སྔོན་ལ"བློ་སྟོབས་ཧ་ཅང་ཆེན་པོ"ལྡན་ཡོད།

        མཚོ་སྔོན་གྱིས་བོད་གདན་གྱི་ཐོན་ལས་འཕེལ་རྒྱས་གཏོང་བར་གཅིག་ལས་གཉིས་མེད་ཀྱི་ལེགས་ཆ་ཡོད་ཅིང་། ཐོག་མར་མཚོ་སྔོན་ལ་བོད་གདན་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་མ་བཅོས་རྒྱུ་ཆའི་ལེགས་ཆ་ཡོད་པ་དང་། དེ་ནས་བོད་གདན་ནི་མཚོ་བོད་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཡིན་ལ། བོད་གདན་འཐག་པའི་ལོ་རྒྱུས་དང་བེད་སྤྱོད་པའི་སྲོལ་རྒྱུན་ཡང་ཧ་ཅང་རིང་པོ་ཡོད་པ་རེད།

        ཞན་ཆ་གསབ་པ་དང་གོ་སྐབས་དམ་འཛིན་བྱས་ནས་མཚོ་སྔོན་གྱིས"ཉི་གཞོན་ཁེ་ལས"གསར་སྐྲུན་བྱ་དགོས།

        ཚོང་རའི་ཐད་ལ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་ཆབས་ཅིག་རྒྱལ་ནང་གི་ཚོང་རའི་མི་མངོན་པའི་ཤུགས་ཧ་ཅང་ཆེ་རུ་ཕྱིན་ཡོད། མཚོ་སྔོན་གྱི་བོད་གདན་ལ་མཚོན་ནས་བཤད་ན། སྔོན་ཆད་སྔ་ཕྱི་བར་གསུམ་དུ་ཕྱིར་གཏོང་བྱ་རྒྱུ་གཙོ་བོར་བཟུང་ཡོད་པ་དང་། མིག་སྔར་རྒྱལ་ནང་གི་ཚོང་ར་དར་རྒྱས་བྱུང་བས། མཚོ་སྔོན་གྱི་བོད་གདན་རྒྱལ་ཡོངས་སུ་མཁོ་འདོན་བྱ་རྒྱུར་གོ་སྐབས་བསྩལ་ཡོད། དེ་དང་དུས་མཚུངས་སུ"རྒྱུད་གཅིག་ལམ་གཅིག"གི་བཟང་ཆར་བརྟེན་ནས་སྲིད་གཞུང་གིས་སྣེ་ཁྲིད་གནང་བའི་འོག་མཚོ་སྔོན་གྱི་བོད་གདན་ཁེ་ལས་ཀྱིས་གོམ་སྟབས་བརྟན་པོའི་སྒོ་ནས་སྔར་ལས་ཡངས་ཤིང་རྒྱ་ཆེ་བའི་རྒྱལ་སྤྱིའི་ཚོང་ར་ཞིག་གསར་གཏོད་བྱེད་བཞིན་ཡོད་པ་རེད།

        རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱི་བོད་ལུག་ས་གདན་ནི"རྒྱུད་གཅིག་ལམ་གཅིག"ལམ་རྒྱུད་ཀྱི་རྒྱལ་ཁབ་དག་ཏུ་ཉམས་སུ་མྱོང་བའི་ཚོང་ཁང་10བཙུགས་པ་དང་། ད་ལོར་ཏི་པའེ(Dubai)ལ་སོགས་པའི་ས་ཁུལ་དག་ཏུའང་རྐང་པ་བརྟན་པོ་འཛུགས་འཆར་རེད།  2015ལོར་མདོ་དབུས་མཐོ་སྒང་ནས་ཀྲུང་གོ་ནས་ཡོ་རོབ་བར་གྱི་རྒྱུན་བཙུགས་མེ་འཁོར་ཐོག་མ་གཏོང་འགོ་བཙུགས་པ་དང་། དོས་སྒམ་40ཡི་ནང་དུ་མཚོ་སྔོན་གྱི་བོད་གདན་བླུགས་ནས་ཡོ་རོབ་ཀྱི་ཚོང་རར་བྲིན་འཚོང་བྱས། འགྲིམ་འགྲུལ་སྟབས་བདེ་ཡིན་པ་དེས་ཀྱང་མཚོ་སྔོན་གྱི་བོད་གདན་འཛམ་གླིང་ལ་བྲིན་འཚོང་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་རེད། བོད་གདན་འགྲེམས་སྟོན་གྱི་ཤུགས་རྐྱེན་ཐེབས་ཚད་ཉིན་རེ་བཞིན་ཆེ་རུ་ཕྱིན་པ་དང་ཆབས་ཅིག་མཚོ་སྔོན་གྱི་བོད་གདན་ཚོང་རྟགས་ཀྱང་རྒྱལ་ཁབ་ཕྱི་ནང་དུ"སྙན་གྲགས་ཆེ་རུ་སོང"ནས་དོ་ཁུར་བྱེད་མཁན་སྔར་ལས་མང་བའི་ཡིད་དབང་འཕྲོག་བཞིན་ཡོད་པ་རེད། མིག་སྔར། མཚོ་སྔོན་གྱི་ས་གདན་ཐོན་རྫས་བྲིན་འཚོང་དྲ་བ་རྒྱལ་ནང་གི་གྲོང་ཁྱེར་ཆེ་འབྲིང་དག་ལ་ཁྱབ་པ་མ་ཟད། ཕྱི་རྒྱལ་གྱི་རྒྱལ་ཁབ་དང་ས་ཁུལ་40ལྷག་ལའང་བྲིན་འཚོང་བྱེད་བཞིན་ཡོད་པ་རེད།

        2015ལོར། མཚོ་སྔོན་གྱི་ལག་འཐག་ས་གདན་ལོ་རེའི་ཐོན་ཚད་སྨི་གྲུ་བཞི་མ་ཁྲི་22ཟིན་པ་དང་། འཕྲུལ་འཁོར་གྱིས་འཐག་པའི་ས་གདན་གྱི་ཐོན་ཚད་སྨི་གྲུ་བཞི་མ་ཁྲི་2507ཟིན་པ་རེད།  2016ལོར་ཕྱིར་གཏོང་བྱས་གྲངས་བསྡོམས་འབོར་ཨ་སྒོར་ཁྲི་5000ལས་བརྒལ་ཞིང་། 2015ལོ་དང་བསྡུར་ན་20.75%འཕར་བ་རེད། མཚོ་སྔོན་ཀྱི་བོད་གདན་ནི་ལོ་རྒྱུས་ནས་འཕེལ་རྒྱས་བྱུང་སྟེ་དབྱར་མཚོ་རྒྱས་པ་ལྟར"ཉི་བཞོན་ཁེ་ལས"ཀྱི་ཕྱོགས་སུ་འཕེལ་རྒྱས་མགྱོགས་མྱུར་ངང་འགྲོ་བཞིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1