ཞི་ཨན་ནས་འདབ་པ་བར་གྱི་ཐད་གཏོང་གནམ་གྲུ་འཕུར་ལམ་དུ་གནམ་གྲུ་ཤར་གཏོང་ཐུབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-06


        ཉེ་ཆར།  སི་ཁྲོན་མཁའ་འགྲུལ་གྱིས་ཞི་ཨན་ནས་འདབ་པ་བར་གྱི་ཐད་གཏོང་གནམ་གྲུ་འཕུར་ལམ་ཤར་གཏོང་བྱས་པ་རེད།  གཟའ་མིག་དམར་དང་གཟའ་ཕུར་བུ།  གཟའ་སྤེན་པ་ཚང་མར་ཕར་འགྲོ་ཚོར་འོང་གི་དུས་གཏན་གནམ་གྲུ་ཡོད་པ་རེད། 
དེའི་ནང་ཞི་ཨན་ནས་འདབ་པ་བར་གྱི་གནམ་གྲུ་3U8625འཕུར་རྒྱུ་དང་འབབ་རྒྱུའི་དུས་ཚོད་ནི་06﹕35—08﹕40ཡིན་པ་དང་།  འདབ་པ་ནས་ཞི་ཨན་བར་གྱི་གནམ་གྲུ་3U8625འཕུར་རྒྱུ་དང་འབབ་རྒྱུའི་དུས་ཚོད་ནི་09﹕20—11﹕20ཡིན་པ་རེད།  ཆུ་ཚོད་གཉིས་ལས་མི་འགོར་བར་ཞི་ཨན་གྱི་ཡུལ་སྐོར་བ་རྣམས་འདབ་པའི་ཉི་སྟེན་ལ་ཡུལ་སྐོར་བྱེད་སར་འོང་ཐུབ་པ་རེད། གོ་སྐབས་དེ་དང་བསྟུན་ནས་ཟླ་བ5པའི་ཚེས17ཉིན།  སི་ཁྲོན་དར་མདོའི་གནམ་གྲུ་ཐང་ཚོགས་པའི་ཞི་ཨན་གྱི་མཁའ་ལམ་དང་དཀར་མཛེས་ཁུལ་གྱི་ཡུལ་སྐོར་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཞི་ཨན་དུ་འཚོགས་པར་མ་ཟད།  སི་ཁྲོན་དར་མདོའི་གནམ་གྲུ་ཚོགས་པས་ད་དུང་ཉེ་དུས་བཏོན་པའི་གཅིག་གོ་ཀུན་ཆོད་ཀྱི་བྱང་བུའི་ཡུལ་སྐོར་ཐོན་རྫས་འགྲེམ་འཚོང་བྱས་པ་རེད།  འདབ་པའི་ཉི་སྟེན་དང་རྒྱལ་སྲུང་གཞུང་ལམ་318པ་བརྒྱུད་ཡུལ་གྱི་ཡུལ་སྐོར་བའི་མགྲོན་ཁང་། མཛེས་ལྗོངས་ས་ཁུལ་སོགས་ཡུལ་སྐོར་བར་སྟབས་བདེའི་ཡུལ་སྐོར་ཐོན་ཁུངས་མང་པོ་གཅིག་བསྡུས་བྱས་ནས་འདོན་སྤྲོད་བྱེད་ཆོག་པ་རེད།
        ཡུལ་སྐོར་བར་ཞབས་ཞུ་སྔར་ལས་སྟབས་བདེ་དང་སྤུས་ལེགས་ཡོང་བའི་ཆེད་དུ། སི་ཁྲོན་དར་མདོའི་གནམ་གྲུ་ཐང་ཚོགས་པས་རང་ཉིད་ཀྱིས་རླངས་འཁོར་གཏང་རྒྱུའི་བོགས་གཏོང་སྤྱི་གཉེར་ཁང་བཙུགས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1