ཕོ་ལོ་45ཡིན་པའི་འཆི་མེད་ནོར་བུ་ནི་འབར་ཁམས་གྲོང་ཁྱེར་གྱི་རྫོང་འབུར་ཡུལ་ཚོའི་ཁོངས་མི་ཡིན་ཞིང་། རྫོང་འབུར་གྲོང་ཚོའི་སྲོང་ལམ་དོག་པའི་འགྲམ་དུ་འཆི་མེད་ནོར་བུས་ཚོང་གཉེར་བྱེད་སའི་ཁང་རྙིང་དེ་ཡོད། ཞེང་ཆེ་བའི་སྒོ་ལེབ་སྟེང་དུ་མཚན་བྱང་གང་ཡང་འགེལ་མེད་ལ། དེ་ནི་ཁོང་ཚང་གི་ཚོང་ཁང་ཆུང་ཆུང་དེ་ཡིན་པ་མ་ཟད། ཁོང་གི་མགར་ཁང་ཡང་ཡིན།
འཆི་མེད་ནོར་བུ་འདུག་སའི་གྲོང་པ་ནས་འབར་ཁམས་གྲོང་ཁྱེར་བར་སྤྱི་ལེ་140ལྷག་ཡོད་པ་དང་། མཚོ་འཕགས་ཆ་སྙོམས་སྨི་3500ཡན་ཡིན། སྤྱི་ལོ་2014ལོའི་ཡར་སྔོན་དུ། གཞུང་ལམ་དང་ཁ་པར་སོགས་མེད་པ་དང་། སྒོར་མོ་བསོགས་ནས་ཁྱིམ་ཚང་གསོ་བའི་ཆེད་དུ། སྤྱང་གྲུང་ལྡན་པའི་འཆི་མེད་ནོར་གཡང་གིས་ཚོང་ལས་གཉེར་ཞིང་། ཁྱིམ་དུ་ཚོང་ཁང་ཆུང་ཆུང་ཞིག་ཕྱེས་ཏེ་ཆུང་མས་ལས་གཉེར་བྱས་པ་དང་། རང་ཉིད་ག་ས་གང་དུ་སོང་ནས་ཅ་ལག་རྙིང་པའི་ཚོང་ལས་གཉེར་ཏེ་འཚོ་བའི་དགོས་མཁོ་བསྐོང་ཐུབ་པ་ཙམ་བྱུང་། འཆི་མེད་ནོར་བུས་འབད་འབུངས་བྱས་ནས་སྒོར་མོ་བསོགས་ནའང་། ཁྱིམ་གྱི་འགྱུར་ལྡོག་དེས་ཁོ་ལ་ཡང་བསྐྱར་དཀའ་ངལ་གྱི་གནས་ལ་གཏད། ཁོ་ནི་ཁྱིམ་དེའི་གདུང་འདེགས་ཀྱི་ཀ་བ་ལྟ་བུ་ཞིག་ཡིན་པས། ཁྱིམ་དུ་ལོག་ནས་ནང་མི་ལ་ལྟ་རྟོག་བྱེད་རྒྱུ་ཐག་བཅད། ཁོས་མགར་པའི་ལག་རྩལ་ལ་ཚོང་ར་རྒྱ་ཆེན་པོ་ཞིག་ཡོད་པ་རྟོགས་ནས། སྤྱི་ལོ་2016ལོར། རྔ་བ་རྫོང་དུ་ལོ་གཅིག་གི་རིང་ལ་ཟངས་མགར་དང་འབུར་བརྐོས་སོགས་ཀྱི་ལག་རྩལ་ལ་སློབ་སྦྱོང་བྱས། དེ་ནས་ཕྱིར་གྲོང་ཚོར་ཕྱིན་ཏེ་ཚོང་ཁང་ཆུང་ཆུང་དེ་གཉེར་ཞོར་ཟངས་མགར་བྱེད་པའི་འགོ་བརྩམས་ཤིང་ཁྱིམ་གྱི་འབྱོར་བའང་རིམ་བཞིན་ཇེ་ལེགས་སུ་གྱུར་བ་རེད།།