གཟི་ཚ་སྡེ་དགུ་རྫོང་གིས་རི་བསང་རིག་གནས་དུས་ཆེན་གྱི་བྱེད་སྒོ་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-07



        ཉེ་ལམ། གཟི་ཚ་སྡེ་དགུ་དོ་དམ་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི"རི་ཆུར་རྣམ་ཤེས་ལྡན་པས། དྲིན་གཟོའི་བསམ་པ་ལྡན་དགོས། རི་ཆུར་མཆོད་པ་འབུལ་ལོ"ཞེས་པ་བརྗོད་བྱར་བྱས་པའི"རི་བསང"རིག་གནས་དུས་ཆེན་གཟི་ཚ་སྡེ་དགུ་རུ་སྤེལ། ལྟད་མོ་བ་སྟོང་ཕྲག་ལྷག་ཙམ་དོན་སྙིང་ཆེན་པོ་ལྡན་པའི་དམངས་སྲོལ་བྱེད་སྒོ་འདིར་ཞུགས་པ་དང་། བྱེད་སྒོ་འདི་བསྟུད་མར་ཉིན་5རིང་སྤེལ་རྒྱུ་རེད།

        "རི་བསང"ནི་རི་དང་ཆུ་ལ་མཆོད་པའི་དོན་ཡིན་ལ། གཟི་ཚ་སྡེ་དགུའི་བོད་རིགས་མང་ཚོགས་ནི་བོན་ལ་དད་པ་དང་། རང་བྱུང་ཁམས་ལ་དད་སྣང་ཆེ་ལ། སྐྱེ་དངོས་ཡོད་རྒུར་རྣམ་ཤེས་ཡོད་པར་འདོད་པས། ས་གནས་ཀྱི་ངག་རྒྱུན་མང་པོའི་ནང་། རི་ལ་དཔའ་ཉམས་དང་སྟོབས་ཤུགས་ལྡན་ལུགས་དང་། ཆུ་ཡང་བོད་རིགས་མང་ཚོགས་ཀྱི་དད་པ་བྱེད་ཡུལ་གཙོ་བོ་ཞིག་ཡིན་ལ། སྐྱེ་རྒུའི་ཆུ་ཡིས་ཁོ་ཚོ་མི་རབས་ནས་མི་རབས་བར་མི་ཉམས་པར་བྱེད་པའི་ཁག་ཐེག་བྱེད་ཀྱིན་ཡོད་པར་འདོད། ལོ་རེའི་བོད་ཟླ་5(སྤྱིར་ན་སྤྱི་ཟླ་6པའི་ནང་)པར། གཟི་ཚ་སྡེ་དགུའི་ཡུལ་སྐོར་ཁུལ་གྱི་གྲོང་མི་ཡོངས་མཉམ་ཏུ་འཛོམས་ནས། "རི་བསང"དུས་ཆེན་གཏོང་བ་དང་དུས་ཆེན་སྐབས་སུ་མཉམ་དུ་མཛོམས་ཏེ། མི་རིགས་ཀྱི་ཕུན་སུམ་ཚོགས་པའི་རིག་རྩལ་བྱེད་སྒོར་བརྟེན་ནས་རང་བྱུང་ཁམས་ལ་བཅངས་པའི་བརྩེ་བ་དང་དྲིན་གཟོའི་བསམ་པ་མཚོན་པར་བྱེད་བཞིན་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1