༄༅།།གནམ་གྲུར་སྡོད་སྐབས་ཆུ་མང་ཙམ་འཐུང་དགོས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-09
གནམ་གྲུར་སྡོད་པའི་སྐབས་སུ་མི་སོ་སོའི་གཟུགས་པོའི་རྨང་གཞི་མི་འདྲ་བ་ལས་མི་འགའ་ཞིག་མི་བདེ་བའི་ཚོར་སྣང་ཡོང་གི་ཡོད་པ་རེད། དེ་ནི་གནམ་གྲུའི་ནང་གི་ཁོར་ཡུག་སྐམ་ཤས་ཆེ་བ་དང་འབྲེལ་བ་ཆེན་པོ་ཡོད་པས་རེད། གནམ་གྲུའི་ནང་གི་བརླན་ཚད་དེ་གནམ་གྲུ་འཕུར་བ་ནས་རིམ་བཞིན་ཉུང་དུ་ཕྱིན་པས་མཐའ་མར་10%ཙམ་ལས་མེད་པ་རེད། དེར་བརྟེན་སྐམ་ཤས་ཆེ་བའི་གནམ་གྲུའི་སྟེང་དུ་རང་ཉིད་ཀྱི་པགས་པའི་ཕྱི་ངོས་ཀྱི་བརླན་གཤེར་ཤོར་ནས་གདོང་པར་ཟ་འཕྲུག་ལངས་པ་སོགས་བྱེད་ཀྱི་ཡོད། རིགས་གཅིག་མཁས་པས་བརྗོད་པ་ལྟར་ན། གནམ་གྲུར་སྡོད་པའི་སྐབས་ཆུ་ཡང་ཡང་བཏུང་ནས་ལུས་པོའི་ཆུ་མི་ཤོར་བ་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པ་རེད།
(བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས། )
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1