དཀར་མཛེས་ཁུལ་གྱིས《བཟའ་བཅའ་བདེ་འཇགས་ལས་ཀའི་དཔྱད་འཇོག་བྱེད་ཐབས》བཏོན་པ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-12


        ཉེ་ཆར། དཀར་མཛེས་ཁུལ་གྱིས《བཟའ་བཅའ་བདེ་འཇགས་ལས་ཀའི་དཔྱད་འཇོག་བྱེད་ཐབས》བཏོན་ཏེ་ས་གནས་དེ་གའི་སྲིད་གཞུང་གིས་ཁྱོན་ཡོངས་ནས་བཟའ་བཅའ་བདེ་འཇགས་ལ་དོ་དམ་བྱེད་པར་ཁུངས་བཙན་པོས་རྒྱབ་རྟེན་འདོན་སྤྲོད་བྱས་པ་རེད། 《བྱེད་ཐབས》ལས་དཔྱད་འཇོག་ལས་དོན་གྱི་དམིགས་འབེབས་ཁ་ཕྱོགས་དང་གནད་དོན་ཁ་ཕྱོགས། དེ་མིན་གྲུབ་འབྲས་ཁ་ཕྱོགས་བཅས་རྒྱུན་འཁྱོངས་ཡག་པོ་བྱས་ཏེ་ལུགས་མཐུན་གཞུང་དྲང་དང་གཙོ་གནད་འབུར་ཐོན། དེ་མིན་ཆད་པ་དང་གཟེངས་བསྟོད་མངོན་གསལ་། ཕན་འབྲས་དངོས་ལ་དོ་སྣང་བྱེད་པའི་ཚད་གཞི་དེ་གཞིར་བཟུང་སྟེ། ལས་དོན་དོན་འཁྱོལ་བྱེད་ཐབས་དང་བཟའ་བཅའ་བདེ་འཇགས་ཀྱི་གནས་ཚུལ་ཕྱོགས་ནས་བཟའ་བཅའ་བདེ་འཇགས་ཀྱི་འགོ་ཁྲིད་རྩ་འཛུགས་དང་ལྟ་སྐུལ་དོ་དམ། ནུས་པ་འཛུགས་སྐྲུན་དང་ཆུ་ཚད་བརྟན་སྲུང་། འོས་འགན་ལག་བསྟར་སོགས་ཀྱི་དངོས་ཡོད་ཀྱི་དོན་དག་ལ་དཔྱད་འཇོག་བྱ་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1