དཀར་མཛེས་ཁུལ་གྱི་རིག་གནས་རྣམ་གྲངས་13མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་དུ་ཞུགས་པ།

འཇིགས་མེད་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-13








        སྤྱི་ཟླ་6པའི་ཚེས་10ཉིན།  སྐབས་དྲུག་པའི་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་གི་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ་བ་རེད།  དཀར་མཛེས་ཁུལ་གྱི་ལག་ཤེས་བཟོ་ལས་ཀྱི་རིགས་སུ་གཏོགས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་13ཐེངས་འདིའི་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམ་སྟོན་དུ་ཞུགས་པ་དང་།   དེ་ལས་གེ་སར་རྒྱལ་པོའི་ཚོན་རིས་རྡོ་བརྐོས་དང་བོད་ཀྱི་ལྕགས་རིགས་མགར་བའི་ལག་རྩལ།  སྡེ་དགེའི་ལྡེབས་རིས་དང་ཀརྨ་སྒར་བྲིས་ཀྱི་ཐང་ག  ཨ་སྐྱིད་གྲོང་པའི་རྫ་བཟོའི་ལག་རྩལ།  ནོར་ལུག་གི་རྩིད་བལ་འཁེལ་འཐག་ལག་རྩལ།  དཀར་མཛེས་ཁུལ་གྱི་ཟུར་ལུགས་གསོ་རིག་སོགས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་7མཛད་སྒོའི་འགྲེམས་སྟོན་དུ་ཞུགས་པ་རེད།  དཀར་མཛེས་ཁུལ་ནི་དམངས་སྲོལ་ཕུན་སུམ་ཚོགས་ཤིང་ཁོར་ཡུག་ཉམས་དགའ་བའི་མདོ་དབུས་མཐོ་སྒང་གི་གནས་མཆོག་ཅིག་ཡིན་ལ།  འདི་ནི་མཛའ་གཞས་ཀྱི་ཕ་ས་དང་ཁམས་པའི་རིག་གནས་ཀྱི་འབྱུང་ཁུངས།  མི་རིགས་རིག་གནས་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་དང་ལོ་རྒྱུས་ཀྱི་རྒྱུན་རིང་། ཡུན་རིང་བའི་ལོ་རྒྱུས་འཕེལ་རྒྱས་ཀྱི་རྒྱུད་རིམ་ཁྲོད།  བོད་རིགས་དང་རིགས་སོ་སོའི་མི་དམངས་ཀྱིས་མཉམ་དུ་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ཁམས་པའི་རིག་གནས་གསར་སྐྲུན་བྱས་པ་དང་།  རིག་གནས་ཀྱི་གནའ་ཤུལ་ཕུན་སུམ་ཚོགས་པ་བཞག་ཡོད་པ་རེད།  མིག་སྔར།  དཀར་མཛེས་ཁུལ་གྱི་གེ་སར་དང་ཤིང་པར་བརྐོ་བའི་ལག་རྩལ།  བོད་ཀྱི་ཟློས་གར་བཅས་རྣམ་གྲངས་3མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་མིང་ཐོ་རུ་བཀོད་པ་དང་།   དེ་དང་མཉམ་དུ།  དཀར་མཛེས་ཁུལ་ལ་ད་དུང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་23དང་ཞིང་ཆེན་རིམ་པའི་རྣམ་གྲངས་62  ཁུལ་རིམ་པའི་རྣམ་གྲངས་138དང་རྫོང་རིམ་པའི་རྣམ་གྲངས་208   དེ་མིན་རྒྱལ་ཁབ་རིམ་པའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་མི་སྣ་7དང་ཞིང་ཆེན་རིམ་པའི་འཐུས་ཚབ་རང་བཞིན་གྱི་རྒྱུད་འཛིན་པ་85  ཁུལ་རིམ་པའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་295ཡོད་པ་རེད།  དཀར་མཛེས་ཁུལ་ལ་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་མང་ཞིང་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།  





        ཐེངས་འདིར།  ཁྲེང་ཏུའུ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམ་སྟོན་གྱི་དཀར་མཛེས་ཁུལ་གྱི་འགྲེམས་སྟོན་ཁང་དུ།  ལག་ཤེས་བཟོ་ལས་ཀྱི་རིགས་སུ་གཏོགས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་13འགྲེམ་སྟོན་བྱས། བཤམས་སྟོན་ཁང་དུ། ཁག་སོ་སོའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པས་ཡུལ་དངོས་སུ་ལག་རྩལ་འགྲེམ་སྟོན་བྱས་པ་བརྒྱུད་ནས། མངོན་མིན་རིག་གནས་ཤུལ་བཞག་གི་སྲོལ་རྒྱུན་རི་མོ་དང་སྲོལ་རྒྱུན་ལག་རྩལ་རིགས་ཀྱི་རྣམ་གྲངས་ཁག་གི་བཟོ་སྐྲུན་བརྒྱུད་རིམ་ཡོངས་རྫོགས་ལོངས་སུ་སྤྱད་ཆོག   དེ་དང་མཉམ་དུ།  ལྟད་མོ་བའི་ཉམས་ལེན་དང་ཟུང་དུ་སྦྲེལ་ནས་ཁུངས་དངོས་རྒྱུན་འཛིན་དང་རང་གཤིས་འགྲེམ་སྟོན།  དངོས་སུ་ཉམས་སུ་མྱོང་ནས་མངོན་མིན་རིག་གནས་ཤུལ་བཞག་འཚོ་བ་དང་ཉེ་བར་སྦྲེལ་བ་རེད།  རྒྱུས་ལོན་བྱུང་བ་ལྟར་ན།  དཀར་མཛེས་ཁུལ་གྱིས་མངོན་མིན་རིག་གནས་སྲུང་སྐྱོབ་ཀྱི་བྱ་བ་བསྒྲུབས་པ་ནས་བཟུང་ཁུལ་ཡོངས་ཀྱིས་དེ་དང་འབྲེལ་བའི་རིག་གནས་ཆེད་ལས་རྐང་འཛིན་པ་བསྡོམས་པས་3000ལྷག་དང་།  མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་བྱེད་པའི་ལས་དོན་ནན་གྱིས་བསྒྲུབས།  རྩ་བའི་ཆ་ནས་རྫོང་རེ་ལ་དོན་ཚན་100ཡན་ཡོད་པ་དང་།  ཁུངས་སྣེ་དང་རིགས།  སྒྱུ་རྩལ་པ་དང་གྲོང་རྡལ་བཅས་ཡལ་མི་སྲིད་པ་བཞི་དོན་ཐོག་ཏུ་ལེགས་པོར་འཁྱོལ་བར་བྱས།  སྤྱི་ནས་ཚན་ཁག་10ལ་ཡོངས་ཁྱབ་ཞིབ་བཤེར་བྱས་པ་དང་རྣམ་གྲངས་400ལས་བརྒལ་བས།  ཕལ་ཆེར་དཀར་མཛེས་ཀྱི་མིག་སྔའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཡོངས་རྫོགས་འཐུས་ཡོད་པ་རེད།  དུས་མཚུངས་སུ།   རྣམ་གྲངས་སྲུང་སྐྱོབ་དང་ཁྱད་པར་དུ་གཙོ་གནད་བརྟག་དཔྱད་ཀྱི་རྣམ་གྲངས་དང་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པའི་ཡོངས་ཁྱབ་ཞིབ་བཤེར་གྱི་ཁྲོད་དུ་ད་དུང་ཡི་གེར་བཀོད་དང་སྒྲ་ཕབ།  བརྙན་གཟུགས་དང་པར་རིས་སོགས་ཀྱི་ཐབས་ཤེས་གང་མང་སྤྱད་ནས་ཕྱོགས་ཡོངས་དང་ལངས་གཟུགས་རྣམ་པའི་ཟིན་ཐོས་དངོས་མིན་རིག་གནས་ཤུལ་བཞག་གི་ངོ་གདོང་དངོས་མཚོན་པར་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1