2017ལོར་བོད་ལྗོངས་ཀྱིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་སྙན་ཞུ་ཕུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 06-14


   
        ཟླ་6ཚེས་12ཉིན། "བློ་ཐབས་མཁས་པོས་ཕུགས་འདུན་མངོན་འགྱུར་——བོད་ལྗོངས་སྲོལ་རྒྱུན་ལག་བཟོའི་སྒྱུ་རྩལ་འགྲེམ་སྟོན"དང"བོད་ལྗོངས་ཞིང་ལས་རིག་གནས་འགྲེམ་སྟོན"ཞེས་པའི་འགྲེམ་སྟོན་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་གཉེར་བ་རེད། འགྲེམ་སྟོན་ཐོག་ཏུ་སྲོལ་རྒྱུན་གྱི་བསླས་མ་དང་། ལྕགས་རིགས་རྡུང་བཟོས་དངོས་རྫས། བོད་སྤོས་དང་བོད་ཤོག ཤིང་དཔར་དང་གཡང་ཊི་བརྐོས་མ་སོགས་མངོན་མིན་རིག་གནས་ཤུལ་བཞག་སྲོལ་རྒྱུན་བཟོ་རྩལ་རིགས་ཀྱི་བཤམ་རྫས་1300ལྷག་ཡོད་པ་མ་ཟད། ད་དུང་ལོ་གཅིག་རིང་ཞིང་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་དང་འབྲེལ་བ་ཡོད་པའི་ལག་ཆ་དང་སྒྲིག་ཆས། དུས་སྟོན་གུས་སྲོལ་མཛད་སྒོ་སོགས་དང་འབྲེལ་ཡོད་དངོས་རྫས་700ལྷག་བཤམས་ཏེ་འགྲེམ་སྟོན་བྱས་ཡོད་པ་རེད། ཟླ་6ཚེས་10ནི་རང་རྒྱལ་གྱི"རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ"ཐོག་མ་ཡིན་པས། ཉིན་ཤས་རིང་བསྟུད་མར་བོད་ལྗོངས་ཀྱི་ས་གནས་ཁག་ཏུ་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམ་སྟོན་བྱེད་སྒོ་གཉེར་བ་རེད།
        བོད་ལྗོངས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོང་ས་ཁུལ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཡིན་པའི་བོད་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ནུས་ལྡན་བྱེད་ཐུབ་པ་རེད། མིག་སྔར། བོད་ལྗོངས་ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་89དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་68 རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་323 རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་350བཅས་ཡོད་པ་རེད།
        བོད་རང་སྐྱོང་ལྗོངས་རིག་གནས་ཐིང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ཁྲུའུ་ཡི་འགོ་འཛིན་པ་སྐྱིད་སྐྱིད་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། གལ་ཆེ་ཆུང་ངམ་དལ་བྲེལ་ཆེ་ཆུང་དང་འཇིག་ཉེན་ཆེ་ཚད་ལ་གཞིགས་ན། 2017ལོར་བོད་ལྗོངས་ཀྱིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ཆེད་སྤྱོད་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི་2029.38ཡིག་ཐོག་སྙན་ཞུ་ཕུལ་ཞིང་། ཡིག་ཐོག་སྙན་ཞུ་ཕུལ་བའི་རྣམ་གྲངས་སུ་རྒྱལ་ཁབ་རིམ་པའི་གཙོ་གནད་སྲུང་སྐྱོང་རྣམ་གྲངས་16དང་། སྲོལ་རྒྱུན་བཟོ་རྩལ་དར་སྤེལ་རྣམ་གྲངས་11 རྒྱལ་ཁབ་རིམ་པའི་ཚབ་མཚོན་རང་བཞིན་ལྡན་པའི་རྒྱུན་འཛིན་པ་མྱུར་སྐྱོབ་རང་བཞིན་གྱི་ཟིན་འགོད་ལས་སྒྲུབ་མི་སྣ་10 ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་མི་ཚོགས་ཞིབ་འཇུག་གསོ་སྐྱོང་སྦྱོང་བརྡར་འཛིན་གྲྭའི་སློབ་དུས་2 དེ་མིན་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་ཁྲིད་སྦྱོང་ཁ་གསབ་རོགས་དངུལ་སོགས་འདུས་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1