ཟླ་6པའི་ཚེས་10ཉིན་ལ་གསའ་ཕྲུག་དེ་མཚོ་བོད་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་གླིང་གི་གསའ་ཁང་གསར་པར་ཡོད་པ།
ཉིན་དེར་མིའི་ཐབས་ལ་བརྟེན་ནས་གསའ་རྒྱུད་སྤེལ་བའི་གསའ་ཕྲུག་དེ་ཏག་ཏག་ལོ་གཅིག་ལ་ལོན་པ་དང་། ཤེས་གསལ་ལྟར་ན། གསའ་ཕྲུག་དེའི་ལུས་ཀྱི་རིང་ཚད་ལ་ལི་སྨི་80དང་། མཐོ་ཚད་ལ་ལི་སྨི་48 ལྗིད་ཚད་ལ་རྒྱ་མ་37བཅས་ཡོད་ཅིང་། རྒྱལ་ནང་དུ་མིའི་ཐབས་ལ་བརྟེན་ནས་རྒྱུད་སྤེལ་ལེགས་འགྲུབ་བྱུང་བའི་གསའ་དང་པོ་ཡིན་པ་རེད།།