ཟླ་6པར་མཚོ་སྔོན་པོའི་ནང་གི་ཙོང་ཉ་མཚོ་ནང་ནས་ཕྱིར་རྒྱུ་བ་རེད། ཙོང་ཉ་ནི་མཚོ་བོད་མཐོ་སྒང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཉ་རིགས་ཤིག་ཡིན་ལ། མཚོ་སྔོན་པོའི་ནང་གི"ཆུ་དང་བྱ། ཉ་གསུམ"སྐྱེ་དངོས་ཕྲེང་བའི་སྲོག་ཤིང་དུ་གྱུར་པའི་སྐྱེ་དངོས་རིགས་ཤིག་ཡིན་པ་དང་། 2004ལོའི་མཚོ་སྔོན་པོའི་ཙོང་ཉ་དེ་ཉིད《ཀྲུང་གོའི་སྐྱེ་དངོས་རིགས་ཀྱི་དམར་པོའི་མིང་ཐོ》ཡི་ནང་དུ་ཚུད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོ་ནས་བཟུང་མཚོ་སྔོན་གཞུང་ཕྱོགས་ཀྱིས་ཁྱོན་བསྡོམས་སྒོར་ཁྲི་3672(མི་དམངས་ཤོག་སྒོར་)བཏང་སྟེ་ཙོང་ཉ་ཕྱིར་རྒྱུ་བར་ངེས་པར་བརྒྱུད་པའི་གཡུ་དཀར་འོམ་ལུང་ཆུ་དང་། ཁྱོན་རྒྱས་ཆུ། དཔལ་དགེའི་ཆུ་སོགས་སུ་ཆུ་རགས་བཤིག་ནས་ཉ་རིགས་ཕྱིར་རྒྱུ་བའི་ཆུ་ལམ་7བཅོས་བཟོ་བྱས་ཡོད་པ་རེད།།