ཉག་ཆུ་རྫོང་གིས་མོག་རོ་འདེབས་འཛུགས་ལྟེ་གནས་སུ་རང་འགུལ་ཆུ་འདྲེན་མ་ལག་ལེགས་སྒྲིག་བྱས་པ།
ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-19
ཉེ་ཆར། ཉག་ཆུ་རྫོང་མིག་ནོར་ཡུལ་ཤོག་རླུང་གདོང་སྡེ་པའི་ཆིང་ཀང་མོག་རོ་འདེབས་འཛུགས་ལྟེ་གནས་སུ་རང་འགུལ་ཆུ་འདྲེན་མ་ལག་ལེགས་སྒྲིག་བྱས་ཤིང་། འདིས་སི་ཁྲོན་དམག་དོན་བཟོ་ལས་མ་ལག་གིས་རོག་མོ་འདེབས་འཛུགས་ལ་ཁ་གཏད་དབུལ་སྐྱོར་བྱས་ཏེ་རང་འགུལ་དོ་དམ་གྱི་ལམ་ལ་ཞུགས་པར་མཚོན་པ་དང་། མ་ལག་འདིས་ཉག་ཆུ་རྫོང་གི་རང་འགུལ་ཆུ་འདྲེན་ཁྱབ་ཁོངས་ཀྱི་སྟོང་ཆའང་བསྐངས་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། མ་ལག་འདིས་རང་ཉིད་ཀྱི་དགོས་མཁོ་ལྟར་ཆུ་འདྲེན་པའི་དུས་ཚོད་གཏན་འཁེལ་བྱས་ཆོག་པ་དང་། བཟོ་པའི་ངལ་རྩོལ་གྱི་ཚད་ཇེ་ཆུང་བཏང་བར་མ་ཟད། མ་རྩ་ཡང་ཇེ་དམའ་རུ་བཏང་ཡོད་ལ། ཟླ་རེར་དམངས་སྒོར་1800ལྟར་རྩིས་ན། ལོ་གཅིག་ལ་བཟོ་ལས་པའི་གླ་དམངས་སྒོར་21600གྲོན་ཆུང་བྱེད་ཐུབ་པ་རེད། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1