ཉེ་ཆར། ཀྲུང་དབྱང་བརྙན་འཕྲིན་ཁང་གི《ཀྲུང་གོའི་བརྙན་རིས་རྒྱས་བཤད》ཅེས་པའི་པར་ལེན་ཚན་ཆུང་གིས་བརྙན་བླངས་པའི་དངོས་བཤུས་གློག་བརྙན་ཆེ་གྲས་《ཚོན་མདངས་བཀྲ་བའི་ཟུང་ཆུ》བརྙན་ཕབ་ལེགས་གྲུབ་བྱུང་བ་དང་། བརྙན་ཕབ་པའི་སྐབས་སུ། པར་ལེན་ཚན་ཆུང་ཟུང་ཆུ་རྫོང་གི་གནའ་གྲོང་དང་དམུ་དགེ་སོགས་སུ་ཉིན་15ལ་བསྐྱོད་པ་དང་། ཐུན་མོང་མ་ཡིན་པའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས། ས་ཁམས་ཁོར་ཡུག་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས། གསར་བརྗེའི་ལོ་རྒྱུས་སོགས་བརྙན་དུ་ཕབ་པ་མ་ཟད། བོད་ཆའང་ཧུའེ་རྒྱ་སོགས་མི་རིགས་སོ་སོའི་མཐུན་སྒྲིལ་དང་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་བརྙན་དུ་བླངས་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བླངས་པའི་ཆེད་དོན་བརྙན་འཕྲིན་འདི་ཚོགས་ཆེན་བཅུ་དགུ་པའི་སྐབས་སུ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལེ་ཚན་དང་པོ་དང་དགུ་པ། བཅུ་པ་བཅས་ནས་རྒྱལ་ཡོངས་ལ་གཏང་རྒྱུ་ཡིན་པ་དང་། དུས་ཡུན་སྐར་40ཡས་མས་ཡོད་པ་རེད། །