གྱོད་དཔེ།
ཀླུ་རྒྱལ་དང་གཡང་འཚོ་གཉིས་ནི་བཟའ་ཚང་ཡིན་ཞིང་། ཀླུ་རྒྱལ་གྱི་ཕ་མ་གཉིས་ཀ་ད་དུང་ལོ་ན་ཧ་ཅང་གཞོན། ཉིན་ཞིག་ཀླུ་རྒྱལ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཞིག་གི་ཁྲོད་དུ་ཚེ་ལས་འདས་ཤིང་། ཀླུ་རྒྱལ་ཚེ་ལས་འདས་སྐབས་ཁོའི་ཆུང་མ་གཡང་འཚོར་མངལ་ཆགས་ཡོད། ཕྱིས་སུ་ཀླུ་རྒྱལ་གྱི་ཤུལ་ནོར་དག་བགོ་བཤའ་རྒྱག་དུས་ཁོའི་ཕ་མ་གཉིས་ཀྱིས་ཤུལ་ནོར་ཚང་མ་མཉམ་བགོ་བྱ་དགོས་པར་སྙམ་ལ། གཡང་འཚོས་ཁོ་མའི་ཁོག་གི་ཕྲུ་གུར་ཡང་རྒྱུ་སྐལ་བགོ་དགོས་བསམ། དེས་ན་བཅའ་ཁྲིམས་ཀྱིས་འདི་འདྲའི་དོན་དག་ལ་ཇི་ལྟར་གཏན་ཁེལ་བྱས་ཡོད་དམ།
ཕྲན་དཔྱད།
རང་རྒྱལ་གྱི《ཤུལ་འཛིན་བཅའ་ཁྲིམས》དང་འབྲེལ་ཡོད་ཁྲིམས་འཛིན་འགྲེལ་བཤད་ཀྱི་གཏན་ཁེལ་ལྟར་ན། ཤུལ་བཞག་རྒྱུ་ནོར་བགོ་སྐབས། མ་ཁོག་གི་ཕྲུ་གུར་ཤུལ་འཛིན་བྱེད་པའི་རྒྱུ་ནོར་གྱི་ཐོབ་སྐལ་འཇོག་འོས། མ་ཁོག་གི་ཕྲུ་གུར་ཤུལ་བཞག་རྒྱུ་ནོར་འཇོག་ཆེད། གལ་ཏེ་ཕྲུ་གུ་བཙས་རྗེས་ཚེ་ལས་འདས་ཚེ། ཕྲུ་གུའི་རྒྱུ་ནོར་ཤུལ་འཛིན་མིས་ཤུལ་འཛིན་བྱ་དགོས། གལ་ཏེ་ཕྲུ་གུ་བཙས་དུས་ནས་ཤི་ཟིན་པ་ཡིན་ཚེ། དེའི་རྒྱུ་ནོར་ཤུལ་འཛིན་བྱ་ཡུལ་གྱི་ཤུལ་འཛིན་མི་གསུམ་པས་ཤུལ་འཛིན་བྱ་དགོས།
གོང་གི་གྱོད་དོན་འདིར་གཞིགས་ན། གཡང་འཚོའི་ཁོག་གི་ཕྲུ་གུར་ཤུལ་འཛིན་རྒྱུ་སྐལ་འཇོག་འོས། ཕྲུ་གུ་བཙས་རྗེས་བྱིས་པའི་ལུས་ཁམས་ཀྱི་གནས་ཚུལ་ལ་གཞིགས་ཏེ་བྱེ་བྲག་གི་ཤུལ་འཛིན་བྱེད་ཐབས་གཏན་ཁེལ་བྱ་དགོས།
(མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།)