ཁྲི་འདུ་རྫོང་ས་ཁོངས་སུ་ཐོག་དང་པོར་གསའ་ཡོད་པ་ཤེས་རྟོགས་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ། སྤེལ་དུས། 06-22


        ཟླ6པའི་ཚེས15ཉིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་སྒ་སྟོད་ཞང་དུ་ཟླ་ངོ་གཉིས་ལྷག་འགོར་བའི་གསའ་ཕྲུག་གཉིས་རྙེད་བྱུང་། འདི་ནི་ཁྲི་འདུ་ས་ཁུལ་དུ་ཐོག་དང་པོར་བླངས་པའི་འདྲ་པར་ཡིན་པ་རེད།

        ཁྲི་འདུ་ནི་ཡུལ་ཤུལ་ཁུལ་དུ་མི་འདུས་སྡོད་ཆེས་མང་སའི་ས་ཁུལ་དེ་ཡིན་པ་མ་ཟད། སྲོག་ཆགས་ཆེས་མང་སའི་ས་ཁུལ་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། སྲིད་གཞུང་གི་དྲིལ་བསྒྲགས་སྣེ་ཁྲིད་དང་མང་ཚོགས་ཀྱི་ཁོར་སྲུང་འདུ་ཤེས་མཐོར་འདེགས་སུ་ཕྱིན་པ་དང་བསྟུན་ནས། སྲོག་ཆགས་ཀྱི་གྲངས་ཚད་ཀྱང་འཕར་སྣོན་བྱེད་བཞིན་འདུག ཟླ6པའི་ཚེས15ཉིན། ཀ་མདོ་ཞང་གི་འབྲོག་མི་ཡོན་ཏན་རི་མགོར་སྨན་རྩྭ་བརྐོ་རུ་འགྲོ་དུས་གསའ་ཕྲུག་མཐོང་བ་དང་། དེ་མ་ཐག་རྫོང་ཏང་ཨུའི་སྲིད་གཞུང་གདན་འདྲེན་ཞུས་ནས་ཚན་རིག་པ་ཡིས་བརྟག་དཔྱད་བྱས་དུས། གསའ་ཚང་དེ་ཅུང་དོང་རྒྱུ་མེད་པའི་བྲག་སྐྱིབས་ཤོག་ཏུ་ཡོད་པ་དང་། དེ་ཡི་ཉེ་སར་གནའ་བ100ལྷག་འཚོ་སྡོད་བྱས་འདུག 

        རི་ཆུ་སྲུང་སྐྱོབ་ལྟེ་གནས་ཀྱི་རྣམ་གྲངས་ཀྲུའུ་རེན་ཀྲོ་ཞང་གིས་ངོ་སྤྲོད་བྱས་པ་ལྟར་ན། གནའ་བ་ཡི་རུལ་མ་ཡིས་དྲོད་འཛིན་པ་མ་ཟད་ས་འོག་གི་བརླན་དང་རིང་དུ་གྱེས་པ་རེད། གནའ་བ་ནི་རི་དྭགས་གསའ་ཡི་ཁ་ཟས་གཙོ་བོ་ཡིན་པ་མ་ཟད། རུལ་མ་ཡིས་གསའ་ཚང་ལ་དྲོད་འཛིན་པ་རེད། གནའ་བ་ཡིས་གསའ་ཡི་འཚོ་སྡོད་ལ་ནུས་པ་གལ་ཆེན་ཐོན་གྱི་ཡོད། ས་ཁུལ་འདི་གསའ་ཡི་སྐྱེ་འཕེལ་ལ་དེ་འདྲའི་འོས་འཚམས་ཤིག་མིན་མོད། འོན་ཀྱང་གསའ་ཡིས་གནས་འདི་འདེམས་འདུག རྒྱུ་མཚན་ནི་ཁྲི་འདུ་རྫོང་འབྲི་ཆུའི་སྟོད་རྒྱུད་ཀྱི་ས་ཁུལ་དག་ནི་གསའ་ཁྱུ་ཚོགས་ཀྱི་རིགས་རྒྱུད་སྤེལ་ས་གཙོ་བོ་ཡིན་འདུག ས་ཁུལ་འདི་དག་ལ་དོ་སྣང་བྱས་ནས་སྔར་ལྷག་པའི་སྒོ་ནས་གསའ་ལ་རྒྱུས་ལོན་བྱེད་དགོས། 

        མིག་སྔར། ཁྲི་འདུ་རྫོང་གིས་གསའ་ཚང་གི་མཐའ་འཁོར་སྲུང་སྐྱོབ་ཁུལ་དུ་བཞག་ཡོད་པ་མ་ཟད། རི་འདབས་དེར་སྨན་རྩྭ་བརྐོ་བར་བཀག་བསྡོམ་བྱས་ཡོད། ལས་བཟོ་བ་དང་འབྲེལ་མེད་ཀྱི་མི་སྲུང་སྐྱོབ་ཁུལ་དེར་སོང་མི་ཆོག་པར་བྱས་ནས་མི་ཡིས་གསའ་ལ་གནོད་པ་མི་བསྐྱལ་བར་བྱས་ཡོད། དེར་མ་ཟད་གསའ་ཕྲུག་གཉིས་ལ་གཅེས་ཕྲུག་དང་གཅེས་ལོ་ཞེས་མིང་བཏགས་ཡོད་པ་རེད། 

        ཁྲི་འདུ་རྫོང་གི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་སྲུང་ལྷ་སྒྲོལ་མ་ཡིས་བཤད་རྒྱུར། འབྲི་ཆུའི་སྟོད་བརྒྱུད་ཀྱི་ས་ཁུལ་དུ་འབྲོག་པ་དག་གིས་འཚེར་ས་སྤོར་ནས་འགྲོ་སྐབས་དུས་རྒྱུན་གསའ་ལ་འཕྲད་ཀྱིན་འདུག་པ་དང་། འདྲ་པར་སྟེང་གི་གསའ་ཕྲུག་གིས་ཀྱང་གསའ་མང་པོ་ཡོད་པ་མཚོན་པ་རེད།། 


 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1