2016ལོའི་ཟླ་9བར། བདག་གིས་སི་ཁྲོན་བཟོ་ཚོང་སློབ་གླིང་གི་སློབ་ཞུགས་གོང་གི་སློབ་གསོའི་ཆེད་ལས་ལ་རྒྱུགས་འཕྲོད། གཏམ་འདིས་ང་དང་ཁྱིམ་མི་རྣམས་དགའ་བ་དང་སེམས་ཁྲལ་འདྲེས་མས་ཁེངས། དགའ་བ་ཞིག་ལ་ང་ལ་མུ་མཐུད་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་པ་རེད། སེམས་ཁྲལ་ཆེ་ཤོས་ནི། ངེད་ཚང་གིས་སློབ་ཡོན་དེ་འདྲའི་མཐོན་པོ་སྤྲོད་མི་ཐུབ། སྐབས་དེར། དབུལ་སྐྱོར་གནད་འཁེལ་གྱིས་ངེད་ཚང་ལ་རོགས་དངུལ་སྦྱིན་བྱུང་ཟེར། ཁ་པར་བཏང་ནས་བཅར་འདྲི་བྱས་པ་ཡིན་མོད། གསར་འགོད་པས་ཧོང་ཞིའུ་ཡིང་གི་བུ་མོའི་སེམས་འགུལ་ཐེབས་པའི་རྣམ་པ་ཚོར་ཐུབ། དབུལ་སྐྱོར་གནད་འཁེལ་ལས་དོན་སྤེལ་བ་ནས་བཟུང་། ལིས་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཧོང་ཞིའུ་ཡིང་ཚང་ལ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བྱ་བར་རོགས་སྐྱོར་བྱས། མོའི་བྱིས་པ་ལ་སློབ་ཡོན་རོགས་དངུལ་སྤྲད་ནས་ཧོང་ཞིའུ་ཡིང་ལ་སྐུལ་མ་བཏང་ནས་དབུལ་སྒྲོལ་ཕྱུག་སྒྱུར་ལ་ཡིད་ཆེས་ལྡན་དུ་བཅུག
གསར་འགོད་པས་ཤེས་གསལ་ལྟར་ན། ཧོང་ཞིའུ་ཡིང་གི་སློབ་ཆེན་འགྲིམ་བཞིན་པའི་བུ་མོ་ལོ་8ལ་སོན་དུས་ནས་མིག་ནད་ཕོག་ཡོད། སྐབས་དེར་སྨན་རིན་སྤྲོད་པའི་ནུས་པ་མེད་པས། སྒོར་མོ་ཡོད་རག་བར་དུ་བསྐྱུར་བྱུང་། དུས་དེ་ནས་བཟུང་། ང་དང་ཁྱོ་གས་ཉིན་མཚན་མེད་པར་ངལ་རྩོལ་བྱས་ཤིང་། ཁྱིམ་གྱི་ས་ཞིང་མུའུ་16ལ་ལོ་རེར་ཐེངས་གཉིས་རེར་འདེབས་འཛུགས་བྱས། ཐ་ན་དགོང་མོར་གློག་སྒྲོན་བཀར་ནས་ཞིང་བཏབ། འོན་ཀྱང་ཕྱིས་སུ་བུ་མོ་ཁྲིད་ནས་སྨན་ཁང་དུ་སོང་ཙ་ན། སྨན་པས་སྨན་བཅོས་དུས་རིམ་ཡག་ཤོས་ཤོར་ཟིན་ཟེར། ངས་བུ་མོ་ལ་དགོངས་དག་ཞུ་ཞེས་ཧོང་ཞིའུ་ཡིང་གི་མིག་ཆུ་དབང་མེད་དུ་བཞུར་བྱུང་།
ཧྥུའུ་ཡུན་འབྲོག་ར་ཡོད་པ་ནས་བཟུང་། ཡུལ་སྐོར་བ་ཇེ་མང་དུ་སོང་། ངེད་ཚང་གིས་ཡང་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་ཁ་གསོ་ཐུབ་བྱུང་། མོས་གསར་འགོད་པར་བཤད་རྒྱུར། སྲིད་གཞུང་གི་རོགས་རམ་འོག ངས་དངུལ་བུན་བསྐྱིས་ནས་སྟབས་བདེའི་ཁང་པ་ལས། ད་དུང་ཉལ་ཁྲི་15བཀོད་སྒྲིག་བྱས། ན་ནིང་གི་ཟླ་བཅུ་བ་ནས་ད་བར་ཡུལ་སྐོར་སྣེ་ལེན་ཁོ་ནའི་ཐད་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཡོད།
དེ་བས་ཀྱང་དགའ་འོས་པ་ཞིག་ལ། ད་ལོའི་ཟླ་3པར། མགྲོན་པོ་ཞིག་གིས་མོ་ཚང་གི་དཀའ་ངལ་ཤེས་རྗེས། མོའི་བུ་ལ་རང་ཉིད་ཀྱི་ཀོ་བཟོའི་བཟོ་གྲྭ་རུ་ལས་གནས་བཀོད་སྒྲིག་བྱས། འདི་ནི་བུས་ཟླ་བ་དང་པོའི་གླ་ཕོགས་ཀྱིས་ང་ལ་ཉོས་པའི་ཁ་པར་རེད། ཧོང་ཞིའུ་ཡིང་གིས་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་བཞིན་དེ་ལྟར་བཤད།
ད་ལྟ། ང་ལ་སྤྱི་ཕན་ལས་གནས་ཀྱི་གླ་ཕོགས་ཡོད་པ་དང་། ཉིན་འདི་དག་ལ་ཁྱིམ་གྱི་མགྲོན་ཁང་ལ་མགྲོན་པོ་ཡང་མང་། འཚོ་བ་སྐྱིད་པོ་རོལ་ཐུབ་བྱུང་། ཧོང་ཞིའུ་ཡིང་གིས་རང་ཁྱིམ་གྱི་སྒོ་རའི་ནང་དུ་འཚེམ་དྲུབ་བྱེད་ཞོར་གསར་འགོད་པ་ལ་མོས་མགྲོན་ཁང་གི་ཆ་རྐྱེན་ཇེ་བཟང་དུ་བཏང་ནས། ཡུལ་སྐོར་བ་དེ་བས་མང་བོ་བཀུག་ནས་ཁྱིམ་ཚང་གང་བོའི་ཡུལ་སྐོར་ཡོང་འབབ་མཐོ་རུ་གཏང་འདོད་ཅེས་མ་འོངས་པའི་འདུན་པ་བཤད་བྱུང་།